Webཞབས་ཞུ

 Webཞབས་ཞུ་ནི་ལས་སྟེགས་རང་ཚུགས་པ་ཞིག་དང་། ཟུང་སྦྱོར་དམའ་བ། རང་འདུས་དང་སྒྲིག་རུང་བྱ་རིམ་ལ་གཞི་བྱས་པའིWebཡི་ཉེར་སྤྱོད་བྱ་རིམ་ཞིག་ཡིན། སྒོ་འབྱེདXMLཚད་གཞི་བེད་སྤྱད་ནས་ཉེར་སྤྱོད་བྱ་རིམ་འདི་དག་ལ་ཞིབ་བརྗོད་དང་ཡོངས་བསྒྲགས། ཤེས་རྟོགས། མཐུན་སྦྱོར་དང་བཀོད་སྒྲིག་བྱེད་ཆོག་པ་དང་། ཁྱབ་ཚུལ་གྱི་ཕན་ཚུན་བཀོལ་སྤྱོད་ཀྱི་ཉེར་སྤྱོད་བྱ་རིམ་ལ་སྤྱོད་པ་ཡིན།

1 ལོ་རྒྱུས།

Webརྒྱ་ཁྱབ་ངང་སྤྱོད་ཐུབ་པའི་ལག་རྩལ།

  1. TCP/IP ཀུན་སྤྱོད་དྲ་རྒྱའི་གྲོས་མཐུན། སྒྲིག་ཆས་སྣ་ཚོགས་ཀྱིས་བེད་སྤྱོད་བྱེད་པ།

  2. HTML(ཚད་གཞི་ཀུན་སྤྱོད་བཀོད་རྟགས་སྐད་བརྡའི་འོག་གི་ཉེར་སྤྱོད་ཞིག)ཀུན་སྤྱོད་སྤྱོད་མཁན་མཚམས་ངོས། HTMLགདོང་འཛར་བེད་སྤྱད་ནས་གཞི་གྲངས་མངོན་འགྱུར་བྱེད་ཆོག

  3. .NETཉེར་སྤྱོད་བྱ་རིམ་མི་འདྲ་བའི་བར་དུ་གཞི་གྲངས་མཉམ་སྤྱོད་དང་གཞི་གྲངས་བརྗེ་རེས་བྱེད་པ།

  4. Javaའབྲི་ཐེངས་གཅིག་གིས་རྒྱུད་ཁོངས་འཁོར་སྐྱོད་གང་རུང་གི་ཀུན་སྤྱོད་བྱ་རིམ་སྒྲིག་པའི་སྐད་བརྡ་དང་། དེའི་རྒྱུ་མཚན་ནིJavaབར་ལས་སྟེགས་ལས་བརྒལ་བའི་ཁྱད་གཤིས་ལྡན་པ་རེད།

5.XML(ཚད་གཞི་ཀུན་སྤྱོད་བཀོད་རྟགས་སྐད་བརྡའི་འོག་གི་བུ་ཚོགས་ཞིག)ཀུན་སྤྱོད་གཞི་གྲངས་ཀྱིས་སྐད་བརྡ་མཚོན་པར་བྱེད་པ་དང་། Webསྟེང་གྲུབ་ཚུལ་ཅན་གྱི་གཞི་གྲངས་སྐྱེལ་གཏོང་གི་སྟབས་བདེའི་བྱེད་སྟངས་ཡིན།

དེ་དག་གི་ཁྱད་ཆོས་ནི་དེའི་སྒོ་དབྱེ་རང་བཞིན་དང་ལས་སྟེགས་བརྒལ་བའི་རང་བཞིན། སྒོ་དབྱེ་རང་བཞིན་ནི་ཏག་ཏགWebཞབས་ཞུའི་རྨང་གཞི་ཡིན།

2 འཕེལ་ཕྱོགས།

ནང་དོན་སྔར་བར་འགུལ་རྣམ་ཅན་ཡིན་པ།

1.ཐག་ཞེངBandwidthསྔར་ལས་གོང་ཁེ་ཞིང་ཐོབ་སླ་བ།

2.གསོག་འཇོག་ཆསStorageསྔར་ལས་གོང་ཁེ་ཞིང་ཐོབ་སླ་བ།

3.ཡོངས་ཁྱབ་རྣམ་པའི་རྩིས་རྒྱག་སྔར་ལས་གལ་ཆེན་དུ་གྱུར་བ་དང་། སྒྲིག་ཆས་འབོར་ཆེན། དཔེར་ན། སྤོ་སྒུལ་ཁ་པར་དང་ལྡེབ་ངོས། གློག་ཀླད།pc Internetསྟེང་དུ་ཡོངས་ཁྱབ་ཅན་དུ་གྱུར་ཡོད་པ་དང་། ལས་སྟེགས་སྔར་ལས་སྣ་མང་ཅན་དུ་གྱུར་ཡོད། XMLའདི་འདྲའི་ལས་སྟེགས་བརྒལ་བའི་ལག་རྩལ་སྔར་ལས་གལ་ཆེན་དུ་གྱུར་ཡོད།

3 ཉེར་སྤྱོད།

Web Serviceནི་ཅི་ཞིག་ཡིན།

ཕྱི་ཚུལ་ནས་བལྟས་ན། Web Serviceནི་ཉེར་སྤྱོད་བྱ་རིམ་ཞིག་སྟེ། དེས་ཕྱི་ཕྱོགས་སུ་དམར་རྗེན་དུ་སྟོན་པ་ནིWebལ་བརྟེན་ནས་འདོན་སྤྱོད་བྱེད་ཐུབ་པའིAPIསྟེ། གསལ་བོར་བཤད་ན། ཁྱོད་ཀྱི་བྱ་རིམ་སྒྲིག་པའི་བྱེད་ཐབས་སྤྱད་ནསWebབརྒྱུད་དེ་ཉེར་སྤྱོད་བྱ་རིམ་འདི་འདོན་སྤྱོད་བྱེད་ཐུབ་པ་ཡིན།

Web Serviceལས་སྟེགས་ནི་ཚད་གཞི་ཆ་ཚང་ཞིག་ཡིན་པ་དང་། དེས་ཉེར་སྤྱོད་བྱ་རིམ་ཇི་ལྟརWebསྟེང་ཕན་ཚུན་བཀོལ་སྤྱོད་རང་བཞིན་མངོན་འགྱུར་བྱེད་པར་མཚན་ཉིད་བཞག་ཡོད།

Web Serviceགསར་སྤེལ་དངོས་དཔེ།

  1. Web Serviceསྤྱད་ནས་གཞི་གྲངས་ཁ་སྣོན་མངོན་འགྱུར་བྱེད་ཐུབ།

  2. Web Serviceསྤྱད་ནས་གཞི་གྲངས་བསུབ་པ་མངོན་འགྱུར་བྱེད་པ།

  3. Web Serviceསྤྱད་ནས་ལག་འཁྱེར་ཁ་པར་གྱི་སྟེང་དུ་འཕྲིན་ཐུང་བསྐུར་བ།

Web Serviceསྤྱོད་པར་འཚམ་པའི་གནས་ཚུལ།

1.མེ་འགོག་གྱང་ལས་མཆོང་སྐྱོད་བྱེད་པ།

2.ཉེར་སྤྱོད་བྱ་རིམ་གྱི་འདུས་གྲུབ།

  1. B2Bཡི་འདུས་གྲུབ།

Webཞབས་ཞུ་སྤྱོད་པར་མི་འཚམ་པའི་གནས་ཚུལ།

1.རྐྱང་འཁོར་ཉེར་སྤྱོད་བྱ་རིམ།

2.ཁོངས་ཆུང་དྲ་རྒྱའི་སྟེང་གི་མཉམ་གྲུབ་ཉེར་སྤྱོད་བྱ་རིམ།

Banza

发表回复