NASAཡིས་རྒྱུ་སྐར་མིག་དམར་གྱི་སྟེང་དུ་དབྱང་རླུང་བཟོ་ཐབས་རྙེད་པ།

འབུ་ཕྲ་དང་ཆུ་སྐྱེས་སྔོ་རིགས་བེད་སྤྱད་དེ། ས་རྒྱུའི་ནང་ནས་དབྱང་རླུང་ཐོན་སྐྱེད་བྱེད་པ།

མིའི་རིགས་ཀྱི་འདོད་བློ་ལྟར་སྤྱི་ལོ༢༠༣༠ལོར་རྒྱུ་སྐར་མིག་དམར་གྱི་སྟེང་དུ་རྡོག་ཐོན་ཐུབ་དགོས་ན་ངེས་པར་དུ་རྒྱུ་སྐར་མིག་དམར་གྱི་སྟེང་དུ་རང་ཁ་རང་གསོ་ཐུབ་པ་ཞིག་དགོས།  རྒྱུ་མཚན་ནི་འཕུར་གྲུའི་སྟེང་འདང་ངེས་བཞིན་པའི་དངོས་རྫས་དབོར་འདྲེན་བྱེད་མི་ཐུབ།  དེར་བརྟེན།  ཨ་རིའི་མཁའ་འགྲུལ་ཅུས་ཀྱིས་ད་ལྟ་རྒྱུ་སྐར་མིག་དམར་གྱི་ས་རྒྱུ་བེད་སྤྱད་དེ་དབྱང་རླུང་ཐོབ་ཐབས་ཀྱི་ལག་རྩལ་གསར་པ་ཞིག་ལ་ཚོད་ལྟ་བྱེད་བཞིན་ཡོད།  ལག་རྩལ་གསར་པ་དེར་འབུ་ཕྲ་དང་ཆུ་སྐྱེས་སྔོ་རིགས་བེད་སྤྱད་དགོས་ཏེ་དེ་དག་གིས་རྒྱུ་སྐར་མིག་དམར་གྱི་ས་རྒྱུ་དེ་དབྱང་རླུང་ཐོན་སྐྱེད་བྱེད་པའི“འབར་རྫས”བྱས་ཆོག

NASAཡི་གཞུང་ཕྱོགས་དྲ་བ།

རྒྱུ་སྐར་མིག་དམར།

  ལག་རྩལ་གསར་པར་ཞིབ་འཇུག་བྱེད་རྒྱུ་ནི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི“སྔོན་ཐོན་གྱི་གསར་སྐྲུན་ཐ་སྙད”(NIAC)རྣམ་གྲངས་ཀྱི་ཆ་ཤས་གཅིག་ཡིན།  དེ་བས་དོན་དངོས་དང་མཐུན་ཕྱིར་ཚན་རིག་མཁས་པས“རྒྱུ་སྐར་མིག་དམར་གྱི་ཁང་པའི”ནང་ལག་རྩལ་གསར་པ་དེར་ཚོད་ལྟ་བྱས།“རྒྱུ་སྐར་མིག་དམར་གྱི་ཁང་པ”ཡིས་རླུང་ཁམས་ཆེན་པོའི་བསྣོན་ཤུགས་དང་ཉིན་མཚན་དྲོད་ཚད་ཀྱི་འགྱུར་བར་དཔེ་བལྟས་པ་ཙམ་མ་ཟད།  ད་དུང་རྒྱུ་སྐར་མིག་དམར་ངོས་ཀྱི་ཉི་འོད་འཕྲོ་འགྱེད་ལའང་དཔེ་བལྟས་ཡོད།

     ཚོད་ལྟ་བྱེད་པའི་རྒྱུད་རིམ་ཁྲོད་སྐྱེས་དངོས་ཁ་ཤས་ཀྱིས་རླུང་ཟད་བང་རིམ་གྱི་རྒྱུ་སྐར་མིག་དམར་གྱི་ཞིང་ས་ལས་བྱུང་བའི་དབྱང་རླུང་བེད་སྤྱད་ཐུབ་པ་མ་ཟད་ད་དུང་རླུང་ཟད་བང་རིམ་གྱི་ཏན་མེད་པར་བྱེད་ཐུབ། Techshotཡི་དབུ་བཞུགས་ཚན་རིག་མཁས་པས་གསུངས་པར་ལྟར་ན“མིའི་རིགས་ཀྱིས་རྒྱུ་སྐར་མིག་དམར་འདུལ་བའི་བརྒྱུད་རིམ་ཁྲོད་ལག་རྩལ་གསར་པ་འདི་རིགས་ཀྱིས་ཕལ་ཆེར་ནུས་པ་ཆེན་པོ་ཐོན་སྲིད། རྒྱུ་མཚན་ནི་ལག་རྩལ་གསར་པ་འདི་རིགས་བེད་སྤྱོད་བྱས་ན་མིའི་རིགས་ཀྱིས་ལྗིད་རྫོབ་ཆེ་བའི་དབྱང་རླུང་ཀྲིན་སྣོད་དག་དབོར་འདྲེན་བྱེད་མི་དགོས་པར།ང་ཚོས་འཁྱེར་བའི་སྐྱེ་དངོས་ཕྲ་རབ་ཀྱིས་ང་ཚོར་དབྱང་རླུང་ཐོན་སྐྱེད་བྱེད་ཐུབ།”

  གལ་ཏེ་ལག་རྩལ་གསར་པ་དེ་ལེགས་གྲུབ་བྱུང་བ་ཡིན་ན་མི་རིགས་ཀྱིས་རྒྱུ་སྐར་མིག་དམར་གྱི་ཕྱི་ངོས་ལ་དབྱང་རླུང་ཐོན་སྐྱེད་བྱེད་ཐུབ་པའི“སྐྱེ་ལུགས་མཛོད་ཁང”འགྲེམ་སྤེལ་བྱས་ཆོགདེ་ལྟར་བྱུང་ན་ད་གཟོད་མིའི་རིགས་འཚོ་སྡོད་བྱེད་ཐུབ།  “སྐྱེ་ལུགས་མཛོད་ཁང”གིས་ཐོན་སྐྱེད་བྱས་པའི་དབྱང་རླུང་ཉར་ཚགས་བྱས་ཏེ་འབྱུང་འགྱུར་བེད་སྤྱོད་བཏང་ཆོག  ད་ལྟའི་བར།  མ་གཞི་ལག་རྩལ་གསར་པ་འདི་སའི་གོ་ལའི་ཐོག་ཞིབ་འཇུག་གི་གྲུབ་འབྲས་ཧ་ཅང་ལེགས་པོ་ཞིག་ཐོན་ཡོད་ནའང་ཚན་རིག་མཁས་པས་རྒྱུ་སྐར་མིག་དམར་དེ་རང་གི་སྟེང་དུ་ཚོད་ལྟ་བྱེད་པའི་རེ་བ་བཅངས་ཀྱི་ཡོད།

མ་འོངས་པའི་རྒྱུ་སྐར་མིག་དམར་རྟགས་ཅན་གྱི་འཁོར་ལོས་ཕལ་ཆེར་སའི་གོ་ལའི་སྐྱེ་དངོས་ལྡན་པའི་སྣོད་ཆས་ཆུང་གྲས་འཁྱེར་ཐུབ།  རྒྱུ་སྐར་མིག་དམར་གྱི་སྟེང་དུ་འབྱོར་རྗེས་རྒྱུ་སྐར་མིག་དམར་རྟགས་ཅན་གྱི་འཁོར་ལོས་སྔོན་དུ་སྣོད་ཆས་དེ་གནས་ཡུལ་འགའི་དབྱིན་ཚུན་ཁ་ཤས་ཀྱི་ས་འོག་ཏུ་བཅུག་ཏེ།  མཐར་དབྱང་རླུང་ཐོན་སྐྱེད་བྱེད་ཐུབ་མིན་ལ་བརྟགདཔྱད་བྱེད་ཀྱིན་ཡོད།  སྣོད་ཆས་ནང་གི་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་ཀྱིས་དབྱང་རླུང་ག་ཚོད་ཐོན་སྐྱེད་བྱེད་མིན་ཞིབ་དཔྱད་ཚད་ལེན་བྱས་ཏེ་ཞིབ་དཔྱད་ཚད་ལེན་གྱི་མཇུག་འབྲས་རྒྱུ་སྐར་མིག་དམར་གྱི་མི་བཟོས་སྲུང་སྐར་ཐོག་བསྐྱར་ལོག་གཏོང་བ་དང་།  ས་གོ་ལའི་སྐྱེ་དངོས་ལྡན་པའི་སྣོད་ཆས་ཁ་དམ་པོར་བསྡམས་ཏེ་དེའི་ནང་གི་སྐྱེ་དངོས་རྒྱུ་སྐར་མིག་དམར་དང་འཕྲད་ཏེ་རྒྱུ་སྐར་མིག་དམར་ལ་བཙོག་སྐྱོན་མི་ཡོང་བའི་སྔོན་འགོག་བྱེད་བཞིན་ཡོད་དོ།།

མིང་ཚིག་

སྐྱེ་ལུགས་མཛོད་ཁང་། 生态馆

རླུང་ཟད་བང་རིམ། 风化层

ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས། 传感器

མི་བཟོས་སྲུང་སྐར། 人造卫星

ནང་དོན་འདི་ནི་   སྨིན་དྲུག་ཚན་རྩལ། གྱི་རྩོམ་པ་པོ:xueyugege ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་   སྨིན་དྲུག་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་   སྨིན་དྲུག་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།
Lil jLGaGa_JaYangxueyugege

发表回复