[置顶]བོད་སྐད་ཡིག་གི་ཐོག་ནས་ཐད་གཏོང་བྱེད་ཆོག་པའི་མ་ལག་གསར་པ།

 བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཆད།  གཞན་ལ་རྒྱུད་སྐུར་མང་ཙམ་གྱིས།

 

གངས་དབྱངས་ཐད་གཏོངAPPའདི་ལ་ཐད་གཏོང་དང་གསར་རྩོམ། ཚོང་ཁྲོམ་བཅས་རྩ་བའི་པར་གཞིའི་ནང་དོན་ཆེན་པོ་རིགས་གསུམ་ཡོད་དེ། ཐད་གཏོང་པར་གཞི་ནི་ད་ལྟ་དྲ་ལམ་དུ་རྒྱུགས་ཆེ་ཞིང་ཚང་མས་དགའ་བསུ་ཐོབ་བཞིན་པའི་མགྱོགས་འཕྲིནAPPདང་འདར་དབྱངསAPPཇི་བཞིན་བཀོལ་ཆོག་ཅིང་། དེ་དང་མི་འདྲ་ས་ཞིག་ཡོད་པ་ནི་གངས་དབྱངས་ཐད་གཏོངAPPཡི་ཐོ་འགོད་གོ་རིམ་དང་ལག་ལེན་གསལ་བཤད་ཡིག་རིགས་ནི་བོད་རྒྱ་སྐད་གཉིས་ཀྱི་ལམ་ན་ཡོད་ལ། རང་གི་འདོད་མོས་བཞིན་ཡིག་རིགས་འདི་གཉིས་ཅི་འདོད་དུ་བརྗེ་གསོར་བརྒྱབ་ཆོག་པས། བོད་རྒྱ་ཡིག་རིགས་གང་ཡིན་ཡང་དེ་གཉིས་ཀྱི་གཅིག་ལ་ཀ་ངོ་ཡིག་ངོ་ཆོད་མཁན་ཞིག་ཡིན་ཕྱིན། འདི་ཉིད་ལས་སླ་མོའི་ངང་ནས་བཀོལ་སྤྱོད་བྱ་ཐུབ།

བརྩམས་ཆོས་གསར་རྩོམ་གྱི་པར་གཞིར་ཁྱེད་ཀྱིས་རང་གི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་སྤྲོ་སྐྱིད་ལྡན་པའི་བརྙན་ཐུང་ཅི་རིགས་ཟིན་ཐོར་འགོད་པ་དང་མཉམ་སྤྱོད་གནང་ཆོག་པར་མ་ཟད། གཞན་པའི་གསར་རྩོམ་གྱི་འཁྱུག་གར་དང་འཚོ་བའི་ངོ་མཚར་སེམས་ཀྱིས་མྱངས་ཆོག་པས། འདི་ནི་ང་ཚོའི་འཚོ་བའི་དགའ་སྐྱོ་གླུ་རུ་ལེན་སའི་གར་སྟེགས་ཆེན་པོ་ཞིག་ཡིན་ཞེས་བཤད་ནའང་མི་ཆོག་པ་མེད།

ཚོང་ཁྲོམ་པར་གཞིར་ཁྱེད་ཀྱི་བློར་འབབ་པའི་བཅའ་དངོས་སྣ་ཚོགས་གང་འདོད་དུ་གདམ་ཆོག་ཅིང་། རང་ལ་དེ་རུ་ཕྱིར་འཚོང་བྱ་ཆོག་པའི་ཐོན་རྫས་ཡོད་ན། རང་གི་ས་མིག་ཏུ་ཚོང་སྒྲོམ་བསྒྲིགས་ཏེ་བཅའ་དངོས་དེ་དག་གང་འདོད་དུ་བཤམས་ཆོག འདི་ནི་རང་གཞན་གཉིས་ཀར་མཁོ་བའི་ཚོང་ཁྲོམ་འཛོམས་པོ་ཞིག་ཡིན། རང་གཞན་གཉིས་ཀས་གཉེར་ཆོག་པའི་ཚོང་ཁྲོམ་སྟབས་བདེ་ཞིག་ཡིན།

ང་ཚོ་མི་རེ་རེ་ནི་གངས་དབྱངས་ཐད་གཏོང་གི་འཁྲབ་སྟོན་པ་ཡིན་ལ་ལྟད་མོ་བའང་ཡིན། ང་ཚོ་མི་རེ་རེ་ནི་གངས་དབྱངས་ཐད་གཏོང་གི་ཚོང་གཉེར་པ་ཡིན་ལ་འཛད་སྤྱོད་པའང་ཡིན། ང་ཚོ་མི་རེ་རེ་ནི་གངས་དབྱངས་ཐད་གཏོང་གི་གསར་རྩོམ་པ་ཡིན་ལ་ཀློག་པ་པོའང་ཡིན། ང་ཚོས་མཉམ་དུ་འུ་ཅག་ཐུན་མོང་ལ་དབང་བའི་ཐད་གཏོང་མཉེན་ཆས་འདི་ཉིད་ཀྱི་ནང་དོན་གྲ་རྒྱས་ཕུན་ཚོགས་དང་ནང་ནོམ་འཛོམས་པོར་གཏོང་།

གངས་དབྱངས་ཐད་གཏོང་འདི་ལྟར་ལམ་ལ་ཆས་སོང་། ཁྱེད་ཅག་གིས་ཐད་གཏོང་དང་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་དུ་གངས་དབྱངས་ཐད་གཏོང་ལ་ད་རུང་མི་འདང་ས་དང་མ་སྨིན་ས་མང་པོ་ཞིག་ལྷང་ལ་འབུད་ངེས་ན། ང་ཚོས་ཀྱང་དུས་བསྟུན་མདུན་བསྐྱོད་ཀྱིས་རྒྱ་ཆེ་བའི་དྲ་གྲོགས་རྣམ་པའི་དགོས་མཁོ་ལྟར། མུ་མཐུད་དུ་རང་ནུས་ཡོད་ཚད་ཀྱིས་འབྲེལ་ཡོད་ལག་རྩལ་ལ་དབྱེ་ཞིབ་དང་ཞིབ་འཇུག་ཟབ་མོ་བྱས་ནས། དུས་ངེས་མེད་དུ་ལེགས་བཅོས་ཀྱིས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཁྱེད་ཅག་གི་རེ་བ་དང་འདོད་བློ་ཅི་འདོད་དུ་བསྐོང་ངེས་ཡིན།

北京麦客秀科技有限公司

服务热线:400-158-0060

 京ICP备20029723号      京公网安备11011202002701号

网络文化经营许可证:京网文(2020)4809-900号

广播电视节目制作经营许可证:(京)字第17953号

 增值电信业务经营许可证:京B2-20203355、B1.B2-20203607

www.wuyalangzi.com 2021 © All Right Reserved.

གཞན་ལ་རྒྱུད་སྐུར་མང་ཙམ་བྱས།

ནང་དོན་འདི་ནི་   སྨིན་དྲུག་ཚན་རྩལ། གྱི་རྩོམ་པ་པོ:xueyugege ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་   སྨིན་དྲུག་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་   སྨིན་དྲུག་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།
CaibenStarxueyugege

发表回复