5Gཁ་པར།

5Gཁ་པར།

5Gཁ་པར་ཞེས་པ་ནི་རབས་ལྔ་པའི་འཕྲིན་གཏོང་མ་ལག་གི་རིག་ནུས་ལག་ཁྱེར་ཁ་པར་ལ་ཟེར། 4Gལག་ཁྱེར་ཁ་པར་དེ5Gལག་ཁྱེར་ཁ་པར་དང་བསྡུར་ན་བལྟོས་བཅས་ཀྱིས་མགྱོགས་པའི་བརྒྱུད་གཏོང་མྱུར་ཚད་དང་། དུས་འགྱངས་དམའ་བ་དང་། དྲ་རྒྱའི་ལག་རྩལ་ལ་བརྟེན་ནས་གནད་ལ་འཁེལ་བའི་གནས་གཏན་འཁེལ་བྱེད་ཐུབ།

1​ ངོ་སྤྲོད།

5Gཁ་པར་ཞེས་པ་ནི་རབས་ལྔ་པའི་འཕྲིན་གཏོང་མ་ལག་གི་རིག་ནུས་ལག་ཁྱེར་ཁ་པར་ལ་ཟེར། 4Gལག་ཁྱེར་ཁ་པར་དེ5Gལག་ཁྱེར་ཁ་པར་དང་བསྡུར་ན་བལྟོས་བཅས་ཀྱིས་མགྱོགས་པའི་བརྒྱུད་གཏོང་མྱུར་ཚད་དང་། དུས་འགྱངས་དམའ་བ་དང་། དྲ་རྒྱའི་ལག་རྩལ་ལ་བརྟེན་ནས་གནད་ལ་འཁེལ་བའི་གནས་གཏན་འཁེལ་བྱེད་ཐུབ། ཉེ་ཆར། 5Gཁ་པར་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་པས། མི་མང་པོ་ཞིག་ཚོད་ལྟ་བྱེད་འདོད་ཆེན་པོ་སྐྱེས་ཡོད།

ཉེ་སྔོན། ཀྲུང་ཤིན་ཐེན་ཅིའི10Pro5Gཔར་གཞི་དངོས་སུ་སྔོན་མངག་བྱེད་འགོ་ཚུགས་པ་དང་། རྒྱལ་ནང་གི་ཚོང་བསྒྲགས་བྱས་པའི5Gལག་ཁྱེར་ཁ་པར་ཐོག་མ་དེར་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཤིན་ལས་མིག་སྔར་ཧྭ་ཝེའེ་དངVIVOསོགས་ལག་ཁྱེར་ཁ་པར་གྱི5Gཔར་གཞི་ཕྱིར་ཚོང་ཆོག་མཆན་ཐོབ་པ་མ་ཟད། ཟླ7པའི་ཟླ་མཇུག་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་ཡོད།

རྒྱལ་ནང་གི་རིག་ནུས་ལག་ཁྱེར་ཁ་པར་གྱི་ཁྲོམ་ར་དེ་ལོ་ཤས་རིང་མགྱོགས་མྱུར་གོང་འཕེལ་ཕྱིན་རྗེས་ཁྲོམ་རའི་སྤྱི་ཡོངས་ནས་ཚོང་ཟོག་འདོན་ཚད2017ལོ་ནས་བཟུང་མར་ཆག་པའི་རྣམ་པ་མངོན་ཡོད། 5Gལག་ཁྱེར་ཁ་པར་གྱིས་རྒྱལ་ནང་གི་རིག་ནུས་ལག་ཁྱེར་ཁ་པར་ལས་རིགས་ལ་གོ་སྐབས་གསར་བ་སྤྱིན་པ་རེད། ཆེད་མཁས་པས་སྔོན་དཔག་བྱས་པར་གཞིགས་ན། 5Gཚོང་སྤྱོད་ཀྱིས་ཁ་པར་བརྗེ་བའི་དགོས་མཁོ་གསར་པར་སྐུལ་ཁྲིད་བྱེད་སྲིད་པ་རེད། ཆེད་མཁས་པས་ད་དུང5Gཡི་ལག་རྩལ་ཚད་གཞི4Gལས་མཐོ་བ་དང་ཁྲོམ་རའི་འགྲན་རྩོད་ཁྲོད་ཀྱི་ལག་རྩལ་གྱི་གནད་དོན་སླར་ཡང་མངོན་གསལ་དོད་པོ་ཡིན་པས་ལག་ཁྱེར་ཁ་པར་གྱི་བཟོ་གྲྭ་དང་ཚོང་རའི་རྣམ་པར་འགྱུར་ལྡོག་འབྱུང་རྒྱུ་རེད་ཅེས་བཤད་པ་རེད།

5Gདངོས་སུ་ཚོང་སྤྱོད་བྱས་ཟིན་མོད། འོན་ཀྱང5Gལག་ཁྱེར་ཁ་པར་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བར་ད་དུང་དུས་ཚོད་ངེས་ཅན་ཞིག་དགོས་པ་རེད། 5Gལག་ཁྱེར་ཁ་པར་གྱི་འཛད་སྤྱོད་པས་ལག་ཁྱེར་ཁ་པར་གྱི་རིན་གོང་དང་། 5Gབརྡ་རྟགས་ཁྱབ་ཚད། གྲོན་དངུལ་སོགས་ཀྱི་གནད་དོན་རབ་དང་རིམ་པར་བསམ་བློ་གཏོང་དགོས།

1. ཁ་པར་གྱི་རིན་གོང་།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཀྲུང་ཤིན་དང་ཧྭ་ཝེའེ་ཡི5Gལག་ཁྱེར་ཁ་པར་གྱི་རིན་གོང་ཚང་མ་ཡོངས་བསྒྲགས་བྱས་ཡོད། རྒྱལ་ནང་ནས་ཐོན་པའི5Gལག་ཁྱེར་ཁ་པར་རིགས་གཉིས་ཀྱི་རིན་གོང་དེ་ཚོད་དཔག་བྱས་པ་ལས་ཇེ་དམའ་རུ་ཕྱིན་ཡོད་ནའང་། ཚད་གཞིའི་ངོས་ནས་བཤད་ན་སྔར་བཞིན་རྩེ་གྲས་སུ་ཚུད་ཡོད།

2 .བརྡ་རྟགས་ཁྱབ་ཚད།

མིག་སྔར་ཀྲུང་གོའི་སྒུལ་འཕྲིན་དང་ཀྲུང་གོ་གློག་འཕྲིན། ཀྲུང་གོ་སྦྲེལ་འཕྲིན་བཅས་ཀྱིས5Gདྲ་རྒྱའི་གཙོ་གནད་ས་ཁོངས་ཞིང་ཆེན་ལྟེ་གནས་དང་ཐད་གཏོགས་གྲོང་ཁྱེར་སོགས་གྲོང་ཁྱེར40ནས50ཙམ་གཅིག་སྡུད་བྱས་ཏེ5Gསྦྲེལ་ཚུགས་དེ་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཚང་མར་ཁྱབ་ཡོད། མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་གིས་ས་གནས་ཀྱི5Gའཕེལ་རྒྱས་འཆར་འགོད་ཁྱབ་བསྒྲགས་བྱས་ཡོད།

3. བཞུར་ཚད་གྲོན་དངུལ།

5Gདྲ་རྒྱའི་བརྡ་རྟགས་ཀྱི་གནད་དོན་ཕུད་གྲོན་དངུལ་ནི་འཛད་སྤྱོད་པས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། ལས་རིགས་ནང་ཁུལ་གྱི་མི་སྣས5Gདེ4Gལས་གོང་ཆེ་བ་ཡོད་མོད། འོན་ཀྱང5Gའཕེལ་རྒྱས་ཀྱི་དུས་འགོར་དྲ་རྒྱ་ཧ་ཅང་མགྱོགས་པའི་རྐྱེན་གྱིས5Gའཛད་སྤྱོད་ཀྱི་ཚད་གཞི་སྔར་བཞིན་མཐོན་པོ་ཡིན་ཞེས་བཤད་ཡོད། ཟླ་གཅིག་རིངG20ཡི་འཛད་སྤྱོད་བྱེད་ཚད་དེ་འབྱུང་འགྱུར་གྱི་འཛད་སྤྱོད་བྱེད་ཚདG40དངG50བར་མང་དུ་འགྲོ་སྲིད།

发表回复