Cསྐད་བརྡ

1Cསྐད་བརྡའི་བྱུང་བ།

Cསྐད་བརྡ་ནི་རྒྱལ་སྤྱིའི་སྟེང་དར་ཁྱབ་ཆེ་བའི་རྩིས་འཁོར་གྱི་མཐོ་རིམ་སྐད་བརྡ་ཞིག་རེད།དེ་ནི་རྒྱུད་ཁོངས་ཞིབ་བརྗོད་བྱེད་པའི་སྐད་བརྡར་བྱས་ན་འཚམ་པ་ལས་གཞན།རྒྱུད་ཁོངས་མཉེན་ཆས་དང་ཉེར་སྤྱོད་མཉེན་ཆས་འབྲི་བར་ཡང་བཀོལ་ཆོག་པའོ།།

སྔོན་ཆད་ཀྱི་བཀོལ་སྤྱོད་རྒྱུད་ཁོངས་མཉེན་ཆས་ནི་གཙོ་བོ་ཕྱོགས་སྒྲིག་སྐད་བརྡ་སྤྱད་ནས་རྩོམ་སྒྲིག་བྱས་པ(བཀོལ་སྤྱོད་རྒྱུད་ཁོངསUNIXསོགས་ཚུད་ཡོད)དང་། ཕྱོགས་སྒྲིག་སྐད་བརྡ་ནི་རྩིས་འཁོར་གྱི་སྲ་ཆས་ལ་བརྟེན་དགོས་པས་ན། བྱ་རིམ་གྱི་ཀློག་རུང་རང་བཞིན་དང་སྤོ་འཛུགས་རང་བཞིན་ཅུང་ཞན་པ་ཡིན། དེ་བས་རྒྱུད་ཁོངས་མཉེན་ཆས་ཀྱི་གློག་རུང་རང་བཞིན་དང་སྤོ་འཛུགས་རང་བཞིན་མཐོར་འདེགས་གཏོང་ཆེད་དེ་ཉིད་མཐོ་རིམ་སྐད་བརྡར་བསྒྱུར་ནས་སྤྱད་ན་ཆེས་ལེགས་པ་ཞིག་ཡིན་མོད། འོན་ཀྱང་སྤྱིར་བཏང་གི་མཐོ་རིམ་སྐད་བརྡས་ཕྱོགས་སྒྲིག་སྐད་བརྡའི་བྱེད་ནུས་ཁ་ཤས་མངོན་དུ་བྱེད་དཀའ་བ་སྟེ། (ཕྱོགས་སྒྲིག་སྐད་བརྡས་སྲ་ཆས་ལ་ཐད་ཀར་བཀོལ་སྤྱོད་བྱེད་ཆོག་སྟེ། དཔེར་ན། ནང་གསོག་ཤག་གནས་དང་། གནས་བཀོལ་སྤྱོད་སོགས་བྱེད་པ་ལྟ་བུའོ)དེར་བརྟེན་མི་རྣམས་ཀྱིས་སྤྱིར་བཏང་གི་མཐོ་རིམ་སྐད་བརྡའི་དགེ་མཚན་དང་དམའ་རིམ་སྐད་བརྡའི་དགེ་མཚན་ཉིས་འཛོམས་སུ་ཡོད་པའི་སྐད་བརྡ་ཞིག་འབྱུང་བ་ལ་རེ་ཞིང་སྙེག་གིན་ཡོད། ཏག་ཏགCསྐད་བརྡ་ནི་གནས་ཚུལ་འདི་ལྟ་བུ་ཞིག་ལ་རྐྱེན་བྱས་ཏེ་བྱུང་བ་རེད།

2 Cསྐད་བརྡའི་ཁྱད་ཆོས།

སྐད་བརྡ་ཞིག་ལ་གནས་ཐུབ་ཅིང་འཕེལ་ཐུབ་པ་དང་། ད་དུང་སྐྱེ་འཕེལ་གྱི་ནུས་པ་སྟོབས་དང་ལྡན་པ་ཞིག་ལྡན་ཚེ། སྐད་བརྡ་དེར་གཞན་དང་མི་མཐུན་པའི་ཐུན་མིན་ཁྱད་ཆོས་ཤིག་མངའ་བ་མངོན་གསལ་རེད།

(1)Cསྐད་བརྡ་ནི་གོ་བདེ་ཞིང་ཚགས་དམ་པ་དང་། སྤྱོད་བདེ་ཞིང་བདེ་འཁྱུག་ལྡན་པ་ཞིག་ཡིན། Cསྐད་བརྡ་ལ་བསྡོམས་པའི་གནད་ཡིག32ཙམ་དང་། ཚོད་འཛིན་རྗོད་ཚིག9ཡོད། བྱ་རིམ་འབྲི་སྟངས་རང་དབང་ཡིན་ཞིང་། གཙོ་བོ་དབྱིན་ཇིའི་གསལ་བྱེད་ཆུང་བ་བཀོལ་ནས་མཚོན་པ་དང་། དགོས་མེད་ཀྱི་གྲུབ་ཆ་ཡོད་ཚད་ཁུ་བསྡུ་བྱེད་པ་ཡིན། Cསྐད་བརྡའི་བྱ་རིམ་ནི་མཐོ་རིམ་སྐད་བརྡ་གཞན་དག་དང་བསྡུར་ན་གོ་སླ་ཞིང་། ཁུངས་བྱ་རིམ་ཐུང་བས་བྱ་རིམ་ནང་འཇུག་བྱེད་དུས་དུས་ཚོད་མང་པོ་གཏོང་མི་དགོས།

(2)རྩིས་རྒྱག་རྟགས་གྱ་ནོམ་པ། Cཡི་རྩིས་རྒྱག་རྟགས་སུ་ཚུད་པའི་ཁྱབ་ཁོངས་ཧ་ཅང་ཡངས་པ་སྟེ་རྩིས་རྒྱག་རྟགས་བསྡོམས་པའི34ཡོད། Cཡིས་གུག་རྟགས་དང་། ཐང་སྤྲོད་པ། རིགས་གྲས་བཙན་སྒྱུར་སོགས་རྩིས་རྒྱག་རྟགས་བཟུང་ནས་ཐག་གཅོད་པས་ན། Cཡི་རྩིས་རྒྱག་རིགས་གྲས་ཕུན་སུམ་ཚོགས་ཤིང་། མཚོན་ཚུལ་གྱི་རིགས་གྲས་སྣ་མང་ཅན་དུ་གྲུབ་ཡོད། བདེ་འཁྱུག་ལྡན་པའི་སྒོ་ནས་རྩིས་རྒྱག་རྟགས་ཅི་རིགས་བེད་སྤྱོད་བྱས་ན་མཐོ་རིམ་སྐད་བརྡ་གཞན་དག་ཏུ་མངོན་འགྱུར་བྱ་དཀའ་བའི་ལུགས་རྩིས་མངོན་འགྱུར་བྱེད་ཐུབ།

(3)གཞི་གྲངས་རིགས་གྲས་ཕུན་སུམ་ཚོགས་པ་དང་། དེང་རབས་སྐད་བརྡའི་གཞི་གྲངས་གྲུབ་ཚུལ་གྱི་རིགས་སྣ་ཚོགས་ཡོད། Cཡིས་མཁོ་འདོན་བྱས་པའི་གཞི་གྲངས་རིགས་གྲས་ལ་ཧྲིལ་ཚུལ་དང་། དངོས་ཚུལ། ཡིག་རྟགས་ཚུལ། གྲངས་ཚོའི་ཚུལ། སྟོན་མདའི་ཚུལ། གྲུབ་གཞིའི་ཚུལ། སྤྱི་སྤྱོད་གཟུགས་ཀྱི་ཚུལ་སོགས་ཡོད་ཅིང་། འདི་དག་གིས་རྙོག་འཛིང་ཆེ་བའི་གཞི་གྲངས་གྲུབ་ཚུལ་སྣ་ཚོགས་ཀྱི་ལུགས་རྩིས་མངོན་འགྱུར་བྱེད་ཐུབ་པ་དང་། དེ་ལས་ཀྱང་སྟོན་མདའི་ཚུལ་གྱི་གཞི་གྲངས་ནི་བེད་སྤྱོད་བདེ་འཁྱུག་ལྡན་པ་དང་སྣ་མང་ཅན་དུ་ངེས་སོ།།

(4)གྲུབ་ཚུལ་ཅན་གྱི་ཚོད་འཛིན་རྗོད་ཚིག་མངའ་བ་སྟེ། (དཔེར་ན། if···elseརྗོད་ཚིག་དང་། Whileརྗོད་ཚིགdo···Whileརྗོད་ཚིག switchརྗོད་ཚིག forརྗོད་ཚིག་ལྟ་བུ)རྟེན་འབྱུང་གྲངས་ནི་བྱ་རིམ་གྱི་དཔེ་དུམ་རྩིས་གཞི་རུ་བྱས་ན། བྱ་རིམ་གྱི་དཔེ་དུམ་ཅན་མངོན་འགྱུར་བྱ་བ་ལ་སྟབས་བདེ་བ་དང་། Cསྐད་བརྡ་ནི་ཆ་ཡོངས་སུ་དཔེ་དུམ་ཅན་དང་གྲུབ་ཚུལ་ཅན་དུ་ཆགས་པའི་སྐད་བརྡ་ཞིག་ཡིན།

(5)བརྡ་སྤྲོད་ནི་ཚད་བཀག་དེ་འདྲ་གཟབ་ནན་མིན་པས། བྱ་རིམ་ཇུས་འགོད་བྱེད་པར་རང་དབང་ཆེ་བ་སྟེ། དཔེར་ན། བྱ་རིམ་སྒྲིག་མཁན་རང་ཉིད་ཀྱིས་བྱ་རིམ་ཡང་དག་ཡིན་མིན་ལ་ཁག་ཐེག་བྱ་དགོས་པ་ལས། གྲངས་ཚོའི་ཞབས་རྟགས་མཚམས་ལས་བརྒལ་ཡོད་མེད་ལ་ཞིབ་བཤེར་བྱ་མི་དགོས། འགྱུར་ཚད་ཀྱི་རིགས་གྲས་བདེ་སྤྱོད་པ་ལ་བདེ་འཁྱུག་ལྡན་པ་སྟེ། དཔེར་ན། ཧྲིལ་ཚུལ་གྱི་ཚད་དང་ཡིག་རྟགས་ཚུལ་གྱི་གཞི་གྲངས། ད་དུང་གཏན་ཚིགས་ཚུལ་གྱི་གཞི་གྲངས་སུ་ཀུན་སྤྱོད་བྱས་ཆོག་པ་ཡིན། སྤྱིར་བཏང་གི་མཐོ་རིམ་སྐད་བརྡས་བརྡ་སྤྲོད་ཞིབ་བཤེར་བྱེད་པ་ཅུང་གཟབ་ནན་ཡིན་པས། བརྡ་སྤྲོད་ནོར་འཁྲུལ་ཡོད་ཚད་ལ་ཕལ་ཆེར་ཞིབ་བཤེར་བྱ་ཐུབ། Cསྐད་བརྡས་བརྡ་སྤྲོད་ཞིབ་བཤེར་བྱེད་པ་ལྷོད་པོ་ཡོད་པས། བྱ་རིམ་སྒྲིག་མཁན་ལ་ཡང་རང་དབང་ཅུང་ཆེན་པོ་ཞིག་ལྡན་པ་ཡིན། བྱ་རིམ་སྒྲིག་མཁན་གྱིས་བྱ་རིམ་ལ་ཞིབ་བཤེར་བྱེད་པ་ཁོ་ནར་བརྟེན་དྲགས་མི་རུང་། མ་གཞིར“ཚད་བཀག”དང “བདེ་འཁྱུག”ནི་འགལ་ཟླར་གྲུབ་པ་ཞིག་སྟེ། ཚད་བཀག་ཆེ་བ་དང་གཟབ་ནན་ཡིན་དྲགས་ཚེ། བདེ་འཁྱུག་གི་རང་བཞིན་ཤོར་འགྲོ་བ་དང་། བདེ་འཁྱུག་ལ་དང་དོད་བྱས་དྲགས་ན། ཚད་བཀག་གི་ངོ་བོ་རང་ལྷོད་དུ་འགྲོ་ངེས། དེར་བརྟེན། བྱ་རིམ་ལ་བྱང་ཆ་མེད་པའི་མི་ཞིག་གི་ངོས་ནས་བཤད་ན། Cསྐད་བརྡའི་བྱ་རིམ་ཡང་དག་པ་ཞིག་སྒྲིག་རྒྱུ་ནི་མཐོ་རིམ་སྐད་བརྡ་གཞན་དག་སྤྱད་ནས་བྱ་རིམ་ཞིག་སྒྲིག་པ་ལས་དཀའ་ཁག་ཆེ་བ་ཡིན། ཡང་གཅིག་བཤད་ནCསྐད་བརྡ་སྤྱོད་མཁན་ཞིག་ལ་མཚོན་ན། བྱ་རིམ་ཇུས་འགོད་ལ་རྒྱུས་མངའ་ཟབ་མོ་དགོས་པའི་རེ་འདུན་མངའ་བ་ཡིན།

(6) Cསྐད་བརྡས་དངོས་ལུགས་ཀྱི་ཤག་གནས་ལ་ཐད་ཀར་བཅར་འདྲི་བྱས་ཆོག་པ་དང་། གནས(bit)བཀོལ་སྤྱོད་བྱས་ཏེ། ཕྱོགས་སྒྲིག་སྐད་བརྡའི་བྱེད་ནུས་མང་ཆེ་བ་མངོན་འགྱུར་བྱ་ཐུབ་པ་ལས་གཞན། སྲ་ཆས་ཐད་ཀར་བཀོལ་སྤྱོད་ཀྱང་བྱས་ཆོག དེ་བས། Cསྐད་བརྡ་ལ་མཐོ་རིམ་སྐད་བརྡའི་བྱེད་ནུས་ལྡན་པ་མ་ཟད། དམའ་རིམ་སྐད་བརྡའི་བྱེད་ནུས་ཀྱང་མང་པོ་ལྡན་ཕྱིན། དེ་ཉིད་སྤྱད་ནས་རྒྱུད་ཁོངས་མཉེན་ཆས་འབྲི་ཆོག་གོ།

(7)དམིགས་འབེན་ཚབ་ཨང་སྐྱེད་སྒྲུབ་བྱས་པའི་སྤུས་ཚད་དང་བྱ་རིམ་ལག་བསྟར་བྱེད་པའི་ལས་ཕྱོད་མཐོ་བ་ཡིན། Cསྐད་བརྡ་ནི་སྤྱིར་བཏང་དུ་ཕྱོགས་སྒྲིག་བྱ་རིམ་གྱིས་སྐྱེད་སྒྲུབ་བྱས་པའི་དམིགས་འབེན་ཚབ་ཨང་གི་ལས་ཕྱོད་དང་བསྡུར་ན10%-20%ཙམ་ལས་མི་དམའ་བ་ཡིན།

(8) Cསྐད་བརྡས་བྲིས་པའི་བྱ་རིམ་ལ་སྤོ་འཛུགས་རང་བཞིན་ལེགས་པོ་ཡོད་པ་སྟེ། རྩ་བའི་ཆ་ནས་བཟོ་བཅོས་མ་བྱས་ཀྱང་བཟོ་རྟགས་མི་འདྲ་བ་རྩིས་འཁོར་དང་བཀོལ་སྤྱོད་རྒྱུད་ཁོངས་སྣ་ཚོགས་སུ་སྤྱོད་ཐུབ།

Cསྐད་བརྡ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་པས། Cསྐད་བརྡའི་ཉེར་སྤྱོད་ཀྱི་ཁྱབ་རྒྱ་ཡང་ཤིན་ཏུ་ཡངས་པ་སྟེ། མཉེན་ཆས་ཆེ་གྲས་མང་ཆེ་བ་ནིCསྐད་བརྡ་སྤྱད་ནས་བྲིས་པ་རེད། དེ་ཡང་གཙོ་བོCསྐད་བརྡའི་སྤོ་འཛུགས་རང་བཞིན་ལེགས་པ་དང་སྲ་ཆས་ཚོད་འཛིན་གྱི་ནུས་པ་མཐོ་བ་ཕུད། མཚོན་སྟངས་དང་རྩིས་རྒྱག་གི་ནུས་པ་ཡང་མཐོ་བའི་ཕྱིར་རོ།། སྔོན་གྱི་དུས་སུ་ཕྱོགས་སྒྲིག་སྐད་བརྡ་ཁོ་ན་སྤྱད་ནས་ཐག་གཅོད་དགོས་པའི་གནད་དོན་གང་མང་ཞིག་ད་ལྟCསྐད་བརྡ་སྤྱད་ནས་ཐག་གཅོད་བྱས་ཆོག་པ་ལྟ་བུའོ།།

3 སྟབས་བདེའིCབྱ་རིམ་ངོ་སྤྲོད།

གཤམ་ལ་སྟབས་བདེའིCབྱ་རིམ་ཁག་ཅིག་ངོ་སྤྲོད་བྱ།

དཔེ་བརྗོད། 1.1ཆ་འཕྲིན་ཕྲེང་གཅིག་ཕྱིར་འདོན་པ།

#include<stdio.h>

void main()

{

printf("This is C program.\n");

}

བྱ་རིམ་འདིའི་ནུས་པ་ནི་གཤམ་གྱི་བརྡ་འཕྲིན་ཕྱིར་བཏོན་པ་སྟེ།

This is C program.

ཐོག་མར་ཐིག་ཕྲེང2པར་གཟིགས་རོགས། mainནི་རྟེན་འབྱུང་གྲངས་ཀྱི་མིང་ཡིན་ཞིང་། “རྟེན་འབྱུང་གྲངས་གཙོ་བོ”མཚོན། mainསྔོན་གྱིvoidཡིས་རྟེན་འབྱུང་གྲངས་དེ་ཉིད“སྟོང་བའི་རིགས་གྲས”ཡིན་པ་མཚོན་པ་དང་། void“སྟོང་བའི”དོན་ནོ།། རྟེན་འབྱུང་གྲངས་འདི་ཉིད་ལག་ཏུ་བསྟར་ཀྱང་རྟེན་འབྱུང་གྲངས་ཀྱི་ཐང་འབྱུང་མི་སྲིད། Cབྱ་རིམ་ཚང་མར་རྟེན་འབྱུང་གྲངསmainཞིག་ངེས་པར་མཁོ་བ་དང་། རྟེན་འགྱུང་གྲངས་ཀྱི་གཟུགས་ནི་གུག་རྟགས་ཆེ་བ{}ཡི་ནང་དུ་ཡོད་དགོས། དཔེར་བརྗོད་འདི་ཡི་རྟེན་འབྱུང་གྲངས་གཙོ་བོའི་ནང་དུ་ཕྱིར་འདོན་རྗོད་ཚིག་གཅིག་ཁོ་ན་ལས་མེད་དོ། printfནིCསྒྲིག་སྒྱུར་རྒྱུད་ཁོངས་ཀྱིས་མཁོ་འདོན་བྱས་པའི་ཚད་ལྡན་རྟེན་འབྱུང་གྲངས་མཛོད་ནང་གི་ཕྱིར་འདོན་རྟེན་འབྱུང་གྲངས་ཡིན་པ་དང་། དེ་ཡིས་བྱ་རིམ་ཐིག་ཕྲེང4པའིprintfརྗོད་ཚིག་ནང་གི་འདྲེན་རྟགས་ཟུང་མའི་ནང་གི་ཡིག་རྟགས་ཕྲེང་བ་སྔར་དཔེ་བཞིན་ཕྱིར་འདོན་བྱེད་དོ།། “\n”ནི་ཐིག་ཕྲེང་བརྗེ་བའི་རྟགས་ཡིན་ཏེ། “This is C program.”ཕྱིར་བཏོན་རྗེས་ཐིག་ཕྲེང་བརྗེ་བ་དང་། རྗོད་ཚིག་གི་མཇུག་ཏུ་འབྱེད་རྟགས་གཅིག་ཡོད།

དཔེ་བརྗོད།1.2གྲངས་ཀ་གཉིས་ཀྱི་སྡོམ་བརྩི་བ།

#include<stdio.h>

void main() /*གྲངས་ཀ་གཉིས་ཀྱི་སྡོམ་བརྩི་བ*/

{

int a,b,sum;/*འགྱུར་ཚད་ནི་ཧྲིལ་ཚུལ་ཡིན་པར་མཚན་ཉིད་བཀོད་དེ་གསལ་བསྒྲགས་བྱེད་པ*/

/*གཤམ་གྱི་ཐིག་ཕྲེང་གསུམ་ནིCརྗོད་ཚིག་ཡིན*/

A=123;b=456;

Sum=a+b;

printf(“sum is %d\n”,sum);

}

བྱ་རིམ་འདིའི་ནུས་པ་ནི་ཧྲིལ་གྲངསaདངbཡི་སྡོམsumབརྩི་བ་དང་། ཐིག་ཕྲེང་སོ་སོའི་གཡས་ལོགས་ཀྱི/*……*/ཡིས་མཆན་འགྲེལ་མཚོན་པ་དང་། རྒྱ་ཡིག་དང་དབྱིན་ཡིག་སྤྱད་ནས་མཆན་འགྲེལ་བྱས་ཆོག་ལ། དེ་ནི་མི་གཞན་གྱིས་བྱ་རིམ་ཀློག་བདེ་བའི་ཆེད་དུ་ཡིན་པ་ལས་བྱ་རིམ་སྒྱུར་སྒྲིག་དང་འཁོར་སྐྱོད་ལ་ནུས་པ་འདོན་མི་ཐུབ། མཆན་འགྲེལ་ནི་བྱ་རིམ་ཐིག་ཕྲེང་གཅིག་གི་ཆེས་མཇུག་ཏུ་འགོད་ཆོག་པ་དང་། རང་ཉིད་ཀྱི་དགོས་མཁོར་གཞིགས་ནས་བྱ་རིམ་གྱི་གནས་གང་རུང་དུ་འགོད་ཆོག་པ་མ་ཟད། ཐིག་ཕྲེང་ཁེར་ཚུགས་གཅིག་ཏུ་ཡང་བྱས་ཆོག་གོ། ཐིག་ཕྲེང་གསུམ་པ་ནི་གསལ་བསྒྲགས་ཁག་གི་ཡིན་ཏེ། འགྱུར་ཚདaདངbལ་མཚན་ཉིད་བཀོད་དེ། aདངbནི་ཧྲིལ་ཚུལ(int)འགྱུར་ཚད་ཡིན་པ་ངེས་འཁེལ་བྱས་པའོ།། ཐིག་ཕྲེང་བཞི་བ་ནི་ཐང་སྟེར་བའི་རྗོད་ཚིག་གཉིས་ཡིན་ཏེ། aདངbཡི་ཐང་ནི123དང456སོ་སོར་བྱས་ཡོད། ཐིག་ཕྲེང་ལྔ་བ་ཡིསsumཡི་ཐངa+bཡིན་པར་བྱས་པ་དང་། ཐིག་ཕྲེང་དྲུག་པའི་ནང་གི“%d”ནི་ནང་འདྲེན་དང་ཕྱིར་འདོན་གྱི“རྣམ་གཞག་ཡིག་རྟགས་ཕྲེང་བ་”ཡིན་ཏེ“%d”ཡིས“བཅུ་གོང་འགྲིལ་ལུགས་ཀྱི་ཧྲིལ་གྲངས་ཀྱི་རིགས་གྲས”མཚོན་ཞིང་། དེ་ནི་ནང་འཇུག་དང་ཕྱིར་འདོན་བྱེད་པའི་སྐབས་ཀྱི་གཞི་གྲངས་རིགས་གྲས་དང་རྣམ་གཞག་གཏན་འཁེལ་བྱེད་པར་སྤྱོད་པ་ཡིན།

ཕྱིར་འདོན་པའི་སྐབས་སུ། འདྲེན་རྟགས་ཟུང་མའི་ནང་ཡོད་པའི“sum is”སྔར་དཔེ་ལྟར་ཕྱིར་འདོན་པ་དང་། “%d”ཡི་གནས་སུ་བཅུ་གོང་འགྲིལ་ལུགས་ཀྱི་ཧྲིལ་གྲངས་ཤིག་གིས་ཚབ་མ་བྱས་ཡོད། printfརྟེན་འབྱུང་གྲངས་ཀྱི་གུག་རྟགས་ནང་གི་ཆེས་གཡས་མཐའི sumནི་ཕྱིར་འདོན་དགོས་པའི་འགྱུར་ཚད་ཡིན་ལ། དེའི་ཐང་ནི་ད་ལྟ579(123དང456 སྡོམ་ཡིན།)དང་། ད་ལྟ་དེ་ནི“%d”ཡི་གནས་སུ་མངོན་ཡོད། “\n”ནི་ཐིག་ཕྲེང་བརྗེ་བའི་རྟགས་ཡིན། དེའི་ཕྱིར་བཏོན་པའི་ཆ་འཕྲིན་ནི།

sum is 579ཡིན།

དཔེ་བརྗོད།1.3རྟེན་འབྱུང་གྲངས་གཙོ་བོ།

#include<stdio.h>

void main()             /*རྟེན་འབྱུང་གྲངས་གཙོ་བོ */

{

int max(int x,int y);/*འདྲེན་སྤྱོད་བྱས་པའི་རྟེན་འབྱུང་གྲངསmaxཡི་གསལ་བསྒྲགས */

int a,b,c;     /* འགྱུར་ཚདa,b,cལ་མཚན་ཉིད་བཀོད་པ */

scanf(“%d,%d”,a&,&b);  /*འགྱུར་ཚདaདངbཡི་ཐང་ནང་འཇུག་བྱས་པ*/

c=max(a,b); /* རྟེན་འབྱུང་གྲངསmaxའདྲེན་སྤྱོད་བྱས་ཏེ། དེ་ལས་ཐོབ་པའི་ཐངcལ་སྟེར་བ། */

printf( “max=%d\n”,c);  /*cཡི་ཐང་ཕྱིར་འདོན་འདོན་བྱེད་པ */

}

int max(int x,int y)/*རྟེན་འབྱུང་གྲངསmaxམཚན་ཉིད་བཀོད་པ། རྟེན་འབྱུང་གྲངས་ཀྱི་ཐང་ནི་ཧྲིལ་ཚུལ་ཡིན་པ་དང་། རྣམ་པའི་ཞུགས་གྲངསx,yནི་ཧྲིལ་ཚུལ་ཡིན་པ*/

{

int z;/*རྟེན་འབྱུང་གྲངསmaxནང་གི་གསལ་བསྒྲགས་ཁག་སྟེ། རྟེན་འབྱུང་གྲངས་འདིར་བཀོལ་བའི་འགྱུར་ཚདZནི་ཧྲིལ་ཚུལ་ཡིན་པ*/

if (s>y) z=x;

slse z=y;

return(z);/*zཡི་ཐང་ཕྱིར་ལོག་སྟེ། maxབརྒྱུད་ནས་འདྲེན་སྤྱོད་བྱས་པའི་གནས་སུ་སྐྱེལ་བ %*/

}

བྱ་རིམ་འདིར་རྟེན་འབྱུང་གྲངས་གཉིས་འདུས་ཡོད་དེ། གཅིག་ནི་རྟེན་འབྱུང་གྲངས་གཙོ་བོmainདང་ཅིག་ཤོས་ནི་འདྲེན་སྤྱོད་བྱ་བའི་རྟེན་འབྱུང་གྲངསmaxགཉིས་སོ།། maxརྟེན་འབྱུང་གྲངས་ཀྱི་ནུས་པ་ནིxདངyགཉིས་ལས་ཅུང་ཆེ་བའི་ཐང་དེ་འགྱུར་ཚདzསྟེར་བ་དང་། རྗོད་ཚིགreturnཡིསzཡི་ཐང་ཕྱིར་རྟེན་འབྱུང་གྲངས་གཙོ་བོmainལ་སྟེར་བའོ།། ཕྱིར་ལོག་པའི་ཐང་ནི་རྟེན་འབྱུང་གྲངས་ཀྱི་མིངmaxབརྒྱུད་ནས་རྟེན་འབྱུང་གྲངསmainནང་གིmaxའདྲེན་སྤྱོད་བྱས་པའི་གནས་སུ་ཕྱིར་སྐྱེལ་བ་དང་། བྱ་རིམ་ཐིག་ཕྲེང4པ་ནི་འདྲེན་སྤྱོད་བྱས་པའི་རྟེན་འབྱུང་གྲངསmaxཡི་གསལ་བསྒྲགས་ཡིན་པ་སྟེ། རྟེན་འབྱུང་གྲངསmainནང་དུ་རྟེན་འབྱུང་གྲངསmaxའདྲེན་སྤྱོད་བྱེད་དགོས་པས། རྟེན་འབྱུང་གྲངསmaxཡི་གནས་ནི་རྟེན་འབྱུང་གྲངསmainཡི་རྗེས་སུ་ཡོད། སྒྲིག་སྒྱུར་རྒྱུད་ཁོངས་ཀྱིས་རྟེན་འབྱུང་གྲངསmaxངོས་འཛིན་དང་འདྲེན་སྤྱོད་ཡང་དག་བྱ་ཐུབ་ཆེད། རྟེན་འབྱུང་གྲངསmaxའདྲེན་སྤྱོད་མ་བྱས་གོང་ལ་ངེས་པར་དུ་རྟེན་འབྱུངས་གྲངསmaxལ་གསལ་བསྒྲགས་བྱ་དགོས།

རྟེན་འབྱུང་གྲངསmainནང་གིscanfནི“ནང་འཇུག་རྟེན་འབྱུང་གྲངས”ཀྱི་མིང་ཡིན། བྱ་རིམ་ནང་གི་རྟེན་འབྱུང་གྲངསscanfཡི་ནུས་པ་ནིaདངbཡི་ཐང་ནང་འཇུག་བྱེད་པ་དེའོ།། &aདང&bནང་གི“&”ཡི་གོ་དོན་ནི“ཤག་གནས་ལེན་པ”དེ་ཡིན། འདིའི་སྐབས་ཀྱི་རྟེན་འབྱུང་གྲངསscanfཡི་ནུས་པ་ནི་གྲངས་ཐང་གཉི་ག་འགྱུར་ཚདaདངbཡི་ཤག་གནས་ཀྱིས་བསྟན་པའི་རྐྱང་ཚན་སོ་སོ་རུ་ནང་འཇུག་བྱེད་པའམ། ཡང་ན་འགྱུར་ཚདaདངbལ་ནང་འཇུག་བྱེད་པའོ།། རྟེན་འབྱུང་གྲངསscanfནང་གི་འདྲེན་རྟགས་ཟུང་མ་ལྡན་པའི“%d,%d”ཡི་གོ་དོན་ནི་གོང་དང་མཚུངས་ཤིང་། ད་ལྟ“ནང་འཇུག་བྱེད་པ”ལ་སྤྱད་པ་ཙམ་མོ།། དེ་ཡི་ནང་འཇུག་བྱ་ཡུལ་གྱི་གཞི་གྲངས་གཉི་ག་བཅུ་གོང་འགྲིལ་ལུགས་ཀྱི་ཧྲིལ་གྲངས་ཀྱི་རྣམ་པས་ནང་འཇུག་བྱེད་པ་གཏན་འཁེལ་བྱེད་པ་ཡིན།

བྱ་རིམ་ཐིག་ཕྲེང7པའི་ནང་དུ་རྟེན་འབྱུང་གྲངསmaxའདྲེན་སྤྱོད་བྱས་ཡོད། འདྲེན་སྤྱོད་བྱེད་པའི་དུས་སུ་དངོས་ཡོག་ཞུགས་གྲངསaདངbཡི་ཐང་སོ་སོ་རྟེན་འབྱུང་གྲངསmaxནང་གི་རྣམ་པའི་ཞུགས་གྲངསxདངyལ་སྟེར་བ་དང་། རྟེན་འབྱུང་གྲངསmaxལག་བསྟར་བྱས་རྗེས་ཕྱིར་ལྡོག་ཐང་གཅིག་ཐོབ་པ་ཡིན། ཐང་དེ་ནི་རྟེན་འབྱུང་གྲངསmaxའདྲེན་སྤྱོད་བྱས་པའི་གནས་ཏེ་བྱ་རིམ་ཐིག་ཕྲེང7པའི“=”ཡི་གཡས་ལོགས་སུ་ཕྱིར་ལྡོག་པ་དང་། དེ་ནས་ཐང་དེ་ཉིད་འགྱུར་ཚདcལ་སྟེར་ངེས་ཤིང་། བྱ་རིམ་ཐིག་ཕྲེང8པ་རུcཡི་ཐང་ཕྱིར་འདོན་པར་བྱའོ།།

རྟེན་འབྱུང་གྲངསprintfལག་བསྟར་བྱེད་དུས་འདྲེན་རྟགས་ཟུང་མའི་ནང་གི“max=%d\n”ཕྱིར་འདི་ལྟར་སྒྲིག་གཅོད་བྱེད་པ་སྟེ། “max=”ནི་སྔར་དཔེ་ལྟར་ཕྱིར་འདོན་བྱེད་པ་དང་། “%d”ནིcཡི་ཐང་གིས་ཚབ་བྱེད་པ་དང་། “\n”ནི་ཐིག་ཕྲེང་བརྗེ་བའི་རྟགས་སོ།། བྱ་རིམ་འཁོར་སྐྱོད་བྱས་པའི་གནས་ཚུལ་གཤམ་ལྟར།

8.5↙            (8དང5ནང་འཇུག་བྱས་ཏེaདངbལ་སྟེར་བ)

max=8 (cཡི་ཐང་ཕྱིར་བཏོན་པ།)

དཔེ་བརྗོད་འདིར་རྟེན་འབྱུང་གྲངས་ཀྱི་འདྲེན་སྤྱོད་དང་། དངོས་ཡོད་ཞུགས་གྲངས། རྣམ་པའི་ཞུགས་གྲངས་བཅས་ཀྱི་དོན་སྤྱི་སྤྱད་ནས་འགྲེལ་བཤད་རགས་རམ་ཙམ་ཞིག་བྱས་ཡོད། ཀློག་པ་པོ་རྣམ་པས་འདི་རུ་གོ་བ་ཟབ་གསལ་ཞིག་ལོན་མ་ཐུབ་ཀྱང་། ཞིབ་གསལ་རྩ་སྔོག་བྱེད་པའི་ངལ་བར་བསྟེན་མི་དགོས་ཏེ། འབྲེལ་ཡོད་ཀྱི་ཡིག་ཆ་གཞན་དག་ལ་སློབ་སྦྱོང་བྱས་རྗེས་གནད་དོན་རང་གྲོལ་དུ་འགྲོ་ངེས་ཡིན་ལ། འདིར་དཔེར་བརྗོད་འདི་ཉིད་དམིགས་སུ་བཟུང་ནས་ངོ་སྤྲོད་བྱེད་དོན་ནི་ཀློག་པ་པོ་རྣམས་ཀྱིསCསྐད་བརྡའི་གྲུབ་ཚུལ་དང་རྣམ་པ་ལ་རྒྱུན་ལོན་རགས་ཙམ་འོང་པ་ལས་མ་འདས་སོ།།

4 Cབྱ་རིམ་འཁོར་སྐྱོད་ཀྱི་གོ་རིམ་དང་ཐབས་ཤེས།

གོང་དུ་ང་ཚོསcསྐད་བརྡས་བྲིས་པའི་བྱ་རིམ་ཁ་ཤས་ཤིག་ལ་རྒྱུས་ལོན་ཅུང་ཟད་བྱས་ཟིན་པ་ལྟར། རྩིས་འཁོར་གྱིས་མིའི་བསམ་འདུན་ལྟར་བྱ་བ་བསྒྲུབ་ཐུབ་པའི་ཆེད་དུ་ངེས་པར་དུ་གནད་དོན་ལ་ཁ་གཏད་དེ་དེར་བསྟུན་གྱི་བྱ་རིམ་འབྲི་དགོས་པ་ཡིན། བྱ་རིམ་ཞེས་པ་ནི་རྩིས་འཁོར་གྱིས་ངོས་འཛིན་དང་ལག་བསྟར་བྱ་ཐུབ་པའི་བཀའ་བརྡ་ཚོ་ཞིག་ལ་ཟེར་ཞིང་། བཀའ་བརྡ་རེ་རེས་རྩིས་འཁོར་ལ་ངེས་གཏན་གྱི་བཀོལ་སྤྱོད་ལག་བསྟར་བྱེད་དུ་འཇུག་པ་ཡིན། མཐོ་རིམ་སྐད་བརྡས་བྲིས་པའི་བྱ་རིམ་ལ“ཁུངས་བྱ་རིམ”ཟེར་བ་དང་། དོན་དངོས་ཐོག་ནས་བཤད་ན། རྩིས་འཁོར་གྱིས0དང1གིས་གྲུབ་པའི་གཉིས་གོང་འགྲིལ་ལུགས་ཀྱི་བཀའ་བརྡ་ཁོ་ན་ངོས་འཛིན་དང་ལག་བསྟར་བྱ་ཐུབ་ཙམ་ལས། མཐོ་རིམ་སྐད་བརྡས་བྲིས་པའི་བཀའ་བརྡ་ངོས་འཛིན་དང་ལག་བསྟར་བྱ་ཐུབ་ཀྱི་མེད། རྩིས་འཁོར་གྱིས་མཐོ་རིམ་སྐད་བརྡའི་ཁུངས་བྱ་རིམ་ལག་བསྟར་བྱ་ཐུབ་ཆེད། ཐོག་མར་ངེས་པར་དུ“སྒྱུར་སྒྲིག་བྱ་རིམ”ཞེས་པའི་མཉེན་ཆས་ཤིག་བཀོལ་ནས་ཁུངས་བྱ་རིམ་གང་དེ་ཉིས་གོང་འགྲིལ་ལུགས་རྣམ་པའི“དམིགས་འབེན་བྱ་རིམ”དུ་བསྒྱུར་དགོས། དེ་ནས་དམིགས་འབེན་བྱ་རིམ་དེ་དང་རྒྱུད་ཁོངས་ཀྱི་མཛོད་ཀྱི་རྟེན་འབྱུང་གྲངས་དང་། དེ་དམིགས་འབེན་བྱ་རིམ་གཞན་དག་སྦྲེལ་ན་ལག་བསྟར་བྱ་རུང་བའི་དམིགས་འབེན་བྱ་རིམ་ཞིག་འགྲུབ་པ་ཡིན། cཡི་ཁུངས་བྱ་རིམ་ཞིག་ལེགས་སྒྲིག་བྱས་རྗེས་རྩིས་འཁོར་དུ་འཁོར་སྐྱོད་ཇི་ལྟར་བྱེད་དུ་འཇུག་དགོས་ཤེ་ན། ཤོག་བུའི་སྟེང་བྱ་རིམ་ཞིག་བྲིས་རྗེས། གཤམ་གྱི་གོ་རིམ་འགའ་བརྒྱུད་དགོས་ཀྱི་ཡོད། རྩིས་འཁོར་དུ་ཁུངས་བྱ་རིམ་རྩོམ་སྒྲིག་དང་ནང་འཇུག་བྱེད་པ→ཁུངས་བྱ་རིམ་སྒྱུར་སྒྲིག་བྱེད་པ→མཛོད་ཀྱི་རྟེན་འབྱུང་གྲངས་དང་སྦྲེལ་བ→དམིགས་བྱ་རིམ་འཁོར་སྐྱོད་བྱེད་པ་སོགས་སོ།། གོང་གི་གོ་རིམ་ནི་དཔེ་རིས1-1གིས་མཚོན་པ་ལྟར་རོ།། དེ་ལས་དངོས་ཐིག་གིས་བཀོལ་སྤྱོད་རྒྱུག་རིམ་མཚོན་པ་དང། ཟོལ་ཐིག་གིས་ཡིག་ཆ་ནང་འཇུག་དང་ཕྱིར་འདོན་མཚོན་པ་སྟེ། དཔེར་ན། རྩོམ་སྒྲིག་བྱས་རྗེས་ཁུངས་བྱ་རིམ་ཡིག་ཆf.cཐོབ་པ་དང་། དེ་ནས་སྒྱུར་སྒྲིག་བྱེད་པའི་དུས་སུ་ཡང་བསྐྱར་ཁུངས་བྱ་རིམ་ཡིགf.cནང་འཇུག་བྱས་ཏེ། དེ་ཉིད་སྒྱུར་སྒྲིག་བྱས་ན་དམིགས་འབེན་བྱ་རིམ་ཡིག་ཆf.objའཐོབ་ཐུབ། ཡང་བསྐྱར་དམིགས་འབེན་བྱ་རིམ་ཡིག་ཆf.objདེ་ནང་གསོག་ཏུ་ནང་འཇུག་བྱེད་པ་དང་། གང་དེ་རྒྱུད་ཁོངས་ཀྱིས་མཁོ་འདོན་བྱས་པའི་མཛོད་ཀྱི་རྟེན་འབྱུང་གྲངས་སོགས་དང་སྦྲེལ་ན། ལག་བསྟར་བྱ་རུང་བའི་དམིགས་འབེན་བྱ་རིམf.exeཐོབ་པ་ཡིན། མཇུག་མཐརf.exeདེ་ནང་གསོག་ཏུ་འདྲེན་པ་མ་ཟད་འཁོར་སྐྱོད་ཀྱང་བྱེད་དོ།།

གོང་དུ་གླེང་ཟིན་པའི་བྱ་རིམ་འཁོར་སྐྱོད་ཀྱི་བརྒྱུད་རིམ་ལ་ངེས་ཤེས་ལེགས་པོ་ཞིག་རྙེད་རྗེས། ཀློག་པ་པོ་རྣམས་ཀྱིས་རང་ཉིད་ཀྱི་རྩིས་འཁོར་དུ་སྒྲིག་འཇུག་བྱས་ཡོད་པའི་སྒྲིག་སྒྱུར་རྒྱུད་ཁོངས་ལ་གཞིགས་ཏེ། cབྱ་རིམ་གྱི་འཁོར་སྐྱོད་ངེས་སྲོལ་ལ་ཤེས་རྟོགས་བྱ་ཐུབ་ཚེ་ཆེས་ལེགས་པའོ།།

དཔེ་རིས 1-1

གས་སྒྲིག་སྐད་བརྡ་སྤྱད་ནས་རྩོམ་སྒྲིག་བྱས་པ(བཀོལ་སྤྱོད་རྒྱུད་ཁོངསUNIXསོགས་ཚུད་ཡོད)དང་། ཕྱོགས་སྒྲིག་སྐད་བརྡ་ནི་རྩིས་འཁོར་གྱི་སྲ་ཆས་ལ་བརྟེན་དགོས་པས་ན། བྱ་རིམ་གྱི་ཀློག་རུང་རང་བཞིན་དང་སྤོ་འཛུགས་རང་བཞིན་ཅུང་ཞན་པ་ཡིན། དེ་བས་རྒྱུད་ཁོངས་མཉེན་ཆས་ཀྱི་གློག་རུང་རང་བཞིན་དང་སྤོ་འཛུགས་རང་བཞིན་མཐོར་འདེགས་གཏོང་ཆེད་དེ་ཉིད་མཐོ་རིམ་སྐད་བརྡར་བསྒྱུར་ནས་སྤྱད་ན་ཆེས་ལེགས་པ་ཞིག་ཡིན་མོད། འོན་ཀྱང་སྤྱིར་བཏང་གི་མཐོ་རིམ་སྐད་བརྡས་ཕྱོགས་སྒྲིག་སྐད་བརྡའི་བྱེད་ནུས་ཁ་ཤས་མངོན་དུ་བྱེད་དཀའ་བ་སྟེ། (ཕྱོགས་སྒྲིག་སྐད་བརྡས་སྲ་ཆས་ལ་ཐད་ཀར་བཀོལ་སྤྱོད་བྱེད་ཆོག་སྟེ། དཔེར་ན། ནང་གསོག་ཤག་གནས་དང་། གནས་བཀོལ་སྤྱོད་སོགས་བྱེད་པ་ལྟ་བུའོ)དེར་བརྟེན་མི་རྣམས་ཀྱིས་སྤྱིར་བཏང་གི་མཐོ་རིམ་སྐད་བརྡའི་དགེ་མཚན་དང་དམའ་རིམ་སྐད་བརྡའི་དགེ་མཚན་ཉིས་འཛོམས་སུ་ཡོད་པའི་སྐད་བརྡ་ཞིག་འབྱུང་བ་ལ་རེ་ཞིང་སྙེག་གིན་ཡོད། ཏག་ཏགCསྐད་བརྡ་ནི་གནས་ཚུལ་འདི་ལྟ་བུ་ཞིག་ལ་རྐྱེན་བྱས་ཏེ་བྱུང་བ་རེད།

2 Cསྐད་བརྡའི་ཁྱད་ཆོས།

སྐད་བརྡ་ཞིག་ལ་གནས་ཐུབ་ཅིང་འཕེལ་ཐུབ་པ་དང་། ད་དུང་སྐྱེ་འཕེལ་གྱི་ནུས་པ་སྟོབས་དང་ལྡན་པ་ཞིག་ལྡན་ཚེ། སྐད་བརྡ་དེར་གཞན་དང་མི་མཐུན་པའི་ཐུན་མིན་ཁྱད་ཆོས་ཤིག་མངའ་བ་མངོན་གསལ་རེད།

(1)Cསྐད་བརྡ་ནི་གོ་བདེ་ཞིང་ཚགས་དམ་པ་དང་། སྤྱོད་བདེ་ཞིང་བདེ་འཁྱུག་ལྡན་པ་ཞིག་ཡིན། Cསྐད་བརྡ་ལ་བསྡོམས་པའི་གནད་ཡིག32ཙམ་དང་། ཚོད་འཛིན་རྗོད་ཚིག9ཡོད། བྱ་རིམ་འབྲི་སྟངས་རང་དབང་ཡིན་ཞིང་། གཙོ་བོ་དབྱིན་ཇིའི་གསལ་བྱེད་ཆུང་བ་བཀོལ་ནས་མཚོན་པ་དང་། དགོས་མེད་ཀྱི་གྲུབ་ཆ་ཡོད་ཚད་ཁུ་བསྡུ་བྱེད་པ་ཡིན། Cསྐད་བརྡའི་བྱ་རིམ་ནི་མཐོ་རིམ་སྐད་བརྡ་གཞན་དག་དང་བསྡུར་ན་གོ་སླ་ཞིང་། ཁུངས་བྱ་རིམ་ཐུང་བས་བྱ་རིམ་ནང་འཇུག་བྱེད་དུས་དུས་ཚོད་མང་པོ་གཏོང་མི་དགོས།

(2)རྩིས་རྒྱག་རྟགས་གྱ་ནོམ་པ། Cཡི་རྩིས་རྒྱག་རྟགས་སུ་ཚུད་པའི་ཁྱབ་ཁོངས་ཧ་ཅང་ཡངས་པ་སྟེ་རྩིས་རྒྱག་རྟགས་བསྡོམས་པའི34ཡོད། Cཡིས་གུག་རྟགས་དང་། ཐང་སྤྲོད་པ། རིགས་གྲས་བཙན་སྒྱུར་སོགས་རྩིས་རྒྱག་རྟགས་བཟུང་ནས་ཐག་གཅོད་པས་ན། Cཡི་རྩིས་རྒྱག་རིགས་གྲས་ཕུན་སུམ་ཚོགས་ཤིང་། མཚོན་ཚུལ་གྱི་རིགས་གྲས་སྣ་མང་ཅན་དུ་གྲུབ་ཡོད། བདེ་འཁྱུག་ལྡན་པའི་སྒོ་ནས་རྩིས་རྒྱག་རྟགས་ཅི་རིགས་བེད་སྤྱོད་བྱས་ན་མཐོ་རིམ་སྐད་བརྡ་གཞན་དག་ཏུ་མངོན་འགྱུར་བྱ་དཀའ་བའི་ལུགས་རྩིས་མངོན་འགྱུར་བྱེད་ཐུབ།

(3)གཞི་གྲངས་རིགས་གྲས་ཕུན་སུམ་ཚོགས་པ་དང་། དེང་རབས་སྐད་བརྡའི་གཞི་གྲངས་གྲུབ་ཚུལ་གྱི་རིགས་སྣ་ཚོགས་ཡོད། Cཡིས་མཁོ་འདོན་བྱས་པའི་གཞི་གྲངས་རིགས་གྲས་ལ་ཧྲིལ་ཚུལ་དང་། དངོས་ཚུལ། ཡིག་རྟགས་ཚུལ། གྲངས་ཚོའི་ཚུལ། སྟོན་མདའི་ཚུལ། གྲུབ་གཞིའི་ཚུལ། སྤྱི་སྤྱོད་གཟུགས་ཀྱི་ཚུལ་སོགས་ཡོད་ཅིང་། འདི་དག་གིས་རྙོག་འཛིང་ཆེ་བའི་གཞི་གྲངས་གྲུབ་ཚུལ་སྣ་ཚོགས་ཀྱི་ལུགས་རྩིས་མངོན་འགྱུར་བྱེད་ཐུབ་པ་དང་། དེ་ལས་ཀྱང་སྟོན་མདའི་ཚུལ་གྱི་གཞི་གྲངས་ནི་བེད་སྤྱོད་བདེ་འཁྱུག་ལྡན་པ་དང་སྣ་མང་ཅན་དུ་ངེས་སོ།།

(4)གྲུབ་ཚུལ་ཅན་གྱི་ཚོད་འཛིན་རྗོད་ཚིག་མངའ་བ་སྟེ། (དཔེར་ན། if&middot;&middot;&middot;elseརྗོད་ཚིག་དང་། Whileརྗོད་ཚིགdo&middot;&middot;&middot;Whileརྗོད་ཚིག switchརྗོད་ཚིག forརྗོད་ཚིག་ལྟ་བུ)རྟེན་འབྱུང་གྲངས་ནི་བྱ་རིམ་གྱི་དཔེ་དུམ་རྩིས་གཞི་རུ་བྱས་ན། བྱ་རིམ་གྱི་དཔེ་དུམ་ཅན་མངོན་འགྱུར་བྱ་བ་ལ་སྟབས་བདེ་བ་དང་། Cསྐད་བརྡ་ནི་ཆ་ཡོངས་སུ་དཔེ་དུམ་ཅན་དང་གྲུབ་ཚུལ་ཅན་དུ་ཆགས་པའི་སྐད་བརྡ་ཞིག་ཡིན།

发表回复