ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་སོ་བརྒྱད་ལ་ཤི་རྨས་ཐེབས།
2020ལོའི་ཟླ་8པའི་ཚེས1ཉིན།
1.42K
ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་སོ་བརྒྱད་ལ་ཤི་རྨས་ཐེབས།
2020.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ལུའུ་ཀི་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཕུའུ་ལེ་ཨ་ལཱ་མུའུ་རུ་ཉིན་དེའི་དགོང་མོར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་སོ་བརྒྱད་ལ་རྨས་ཕོག་ཡོད་ཟེར།
ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཨ་ལི་ཨན་གྱིས་བཤད་རྒྱུར། ཚེས་སུམ་ཅུ་ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་བཞི་བཅུའི་སྟེང་། ལུའུ་ཀི་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཕུའུ་ལེ་ཨ་ལཱ་མུའུ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། མི་སེར་དཀྱུས་མ་བརྒྱད་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུར་རྨས་ཕོག་ཡོད་ཟེར།
