རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྲིད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
-
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྲིད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ ཀྱང་གནང་བ་དང་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།
-
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། | རྩོམ་པ་པོ། | སྤེལ་དུས། 2020-08-01
ཚེས་29ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྲིད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རྒྱལ་མཚན། དབང་ཧའེ་ཀྲོའུ། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། ལུའོ་མེ། ཀྲང་ཧུང་པོ། ཕུར་བུ་དོན་གྲུབ་བཅས་ཕེབས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གདན་ཞུས་ལྟར་ཕེབས་པ་རེད།
ཆེ་དགྲ་ལྷས་བསྟན་གནང་དོན། ན་ནིང་ཚུན་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་དོན་ཁག་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་འོག་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་གཞིར་བཟུང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དང་།
དབང་ཆ་འཁོར་རྒྱུག་ཚད་ལྡན་ཏན་ཏིག་བྱེད་པ། འགན་ནུས་གཞན་སྒྱུར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། དམངས་ཆེད་ཞབས་ཞུ་ཟམ་མི་ཆད་པར་རིམ་སྤོར་བྱེད་པ། “སྤྱོད་ཚུལ་བཞིའི”གནད་དོན་བཀག་འགོག་ནུས་ལྡན་བཅས་བྱས་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། འོན་ཀྱང་ད་དུང་གནད་དོན་དང་མི་འདང་ས་ལྷག་ཡོད་པས་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
ཆེ་དགྲ་ལྷས་བླང་བྱ་བཏོན་གནང་དོན། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དམིགས་ཚད་དུ་བྱས་ཏེ་ཁྲིམས་བཞིན་སྲིད་འཛིན་བྱ་རྒྱུ་དེ་ཚད་གཞི་གལ་ཆེན་དུ་བརྩིས་ཏེ་ལམ་ལུགས་ལ་བརྟེན་ནས་དབང་ཆ་དང། ལས་དོན། མི་སྣ་བཅས་ལ་དོ་དམ་མཐའ་འཁྱོངས་ཀྱིས་དབང་ཆ་ཀུན་གྱིས་ཤེས་གསལ་དུ་སྤྱོད་པ་དང་དབང་ཆ་དེ་ལམ་ལུགས་ཀྱི་རླུང་ཙེའི་ནང་འཇུག་དགོས་པ་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྡུ་སྒྲིལ་དང་མཉམ་སྤྱོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་དྲང་སྙོམས་རང་བཞིན་མཐོ་རུ་གང་ཐུབ་གཏོང་དགོས་པ། གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྔོན་རྩིས་མ་དངུལ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། རྣམ་གྲངས་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་མ་དངུལ་དགོས་མཁོ་ཆེ་ཤོས་སུ་སྤྱོད་པ། ཁྲལ་གྲོན་གཉིས་གཅོག་དང་ཁེ་ལས་དང་མང་ཚོགས་ལ་ཕན་པ་སོགས་ཀྱི་དཀའ་སེལ་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ། ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན་བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ཏེ་སྲིད་ཇུས་ཀྱི་མ་དངུལ་ཐད་ཀར་ས་གནས་དང་། གཞི་རིམ། དམངས་འཚོ་བཅས་ལ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ། གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་འགག་རྩའི་བྱ་བར་དོ་དམ་དང་། འགག་རྩའི་གནས་དོ་དམ། འགག་རྩའི་མི་སྣར་དོ་དམ་བཅས་ཡག་པོ་བྱས་ཏེ་གཞུང་ཁོངས་རྒྱུ་ནོར་བདག་སྐྱོང་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱེད་དགོས་པ། དབུལ་སྐྱོར་མ་དངུལ་གྱི་རྣམ་གྲངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་དབུལ་སྐྱོར་ལས་དོན་གྱི་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དབུལ་སྐྱོར་མ་དངུལ་ལག་བསྟར་བྱས་ཚུལ་ལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། རྒྱུན་སྲིང་ལྷོད་མེད་ངང“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས“དྲ་སྦྲེལ་+སྲིད་དོན་ཞབས་ཞུ”འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྲིད་དོན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་དགོས་པ། ཁྲིམས་ལྟར་དབང་ཆ་དྲང་གཞག་ངང་སྤྱོད་པ་དང་དམངས་དོན་ཁྲིམས་གཞུང་དང《གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་ཁྲིམས་སྲོལ》ཡོངས་བསྒྲགས་ངང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རིམ་ཁག་སྲིད་གཞུང་གི་དོན་གཅོད་དབང་ཆ་ཚད་ལྡན་ཅན་དང་བཅའ་ཁྲིམས་ཅན་ལ་སྐུལ་འདེད་གཏོང་དགོས་པ། ལྟ་སྐུལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྩིས་བཤེར་དང་ལྟ་བཤེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་ཞུས་ཏེ“རུལ་སུངས་བྱེད་མི་ཕོད་པའི”ཟིལ་གནོན་ཆེན་པོ་ཏན་ཏིག་ཆགས་པར་བྱེད་དགོས་པ་བཅས་རེད།
འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།