འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བྱ་སྤྱོད་མཐིལ་རྟོགས་དང་བདེ་ཐང་ཚན་རྩལ་བློ་འདྲིའི་ཚན་ཆུང་ཞིག་བཙུགས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བྱ་སྤྱོད་མཐིལ་རྟོགས་དང་བདེ་ཐང་ཚན་རྩལ་བློ་འདྲིའི་ཚན་ཆུང་ཞིག་བཙུགས།

2020.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སེ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཁྱབ་སྒྲོག་བྱས་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བྱ་སྤྱོད་མཐིལ་རྟོགས་དང་བདེ་ཐང་ཚན་རྩལ་བློ་འདྲིའི་ཚན་ཆུང་ཞིག་བཙུགས་པ་དང་། དེ་ནི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་བྱེད་པའི་བྱེད་ཐབས་ཤིག་ཡིན་ཟེར།

ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་དོན། ལག་རྩལ་བློ་འདོན་ཚན་ཆུང་དེ་རྒྱལ་ཁབ་བཅུ་དྲུག་གི་ཆེད་མཁས་པ་ཉེར་གཉིས་ཀྱིས་གྲུབ་པ་ཡིན་ལ། ཁོ་ཚོར་སེམས་ཁམས་རིག་པ་དང་མིའི་རིགས་རིག་པ། བདེ་ཐང་ཡར་སྐུལ། བྱ་སྤྱོད་དཔལ་འབྱོར་རིག་པ། སྤྱི་ཚོགས་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་བྱ་ལྡན། པྲོག་གསར་གློ་ཚད་རིམས་ནད་དང་བཅས་པའི་འཕྲོད་བསྟེན་ཁྱབ་ཁོངས་ནས་བྱ་སྤྱོད་ཚན་རྩལ་དང་སྤྱི་ཚོགས་ཚན་རིག་བཀོལ་སྤྱོད་ལ་ཇི་ལྟར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ནས་བློ་འདྲི་ཚན་ཆུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གྲོས་གཞི་འདོན་ངེས་ཡིན་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།