ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་་ལྕགས་ལམ་གྱི་འཆར་འགོད་ས་ཚུགས11གི་དཔེ་རིས།

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ(ཟི་ཁྲིན་ལྕགས་ལམ)ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་ལ། ལམ་ཐིག་གི་བྱང་ཕྱོགས་ནི་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཟི་ལིང་གྲོང་ཁྱེར་ནས་འགོ་ཚུགས་ཏེ། ལྷོའི་མཚོ་ཤར་གྲོང་ཁྱེར་གྱི་ཕིང་ཨན་ཆུས་དང་དཔའ་ལུང་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་དང་ཐུན་རིན་གྲོང་ཁྱེར། དེ་ནས་ཤར་ལྷོའི་ཕྱོགས་ཀྱི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་རིམ་བཞིན་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར། ཀླུ་ཆུ་རྫོང་བཅས་བརྒྱུད་དགོས་པ་དང་། ལྷོ་ཕྱོགས་ཀྱི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་བརྒྱུད་དེ་ད་ལྟ་སྐྲུན་བཞིན་པའི་ཁྲིན་ཏུའུ་ནས་ལན་གྲུ་བར་གྱི་ལྕགས་ལམ་གྱི་ཧོང་ཧྲིན་ཀོན་ས་ཚུགས(黄胜关站)དང་སྦྲེལ་མཐུད་བྱས་ཡོད་པ་དང་། ཁྲིན་ཏུའུ་ནས་ལན་གྲུ་བར་གྱི་ལྕགས་ལམ་དང་མཉམ་དུ་ཁྲིན་ཏུའུ་ཡི་ལྟེ་གནས་སུ་སྦྲེལ་ཡོད། ལམ་ཐིག་ཧྲིལ་བོར་སྤྱི་ལེ836.5ཡོད་ལ། མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ200ལྟར་ཇུས་འགོད་བྱས་ཡོད། དེའི་ནང་ལྷ་མོ་དགོན་ནས་ཧུང་ཡོན་བར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ250ལྟར་ཇུས་འགོད་བྱས་ཡོད་པ་རེད། ལམ་ཐིག་དེ་བསྐྲུན་རྗེས་ཟི་ལིང་ནས་ཁྲིན་ཏུའུ་བར་ཆུ་ཚོད4.5ཡས་མས་ནང་སླེབས་ཐུབ།


ཟི་ལིང་ནས་ཁྲེན་ཏུའུ་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་ཞིང་། རང་རྒྱལ་ནུབ་རྒྱུད་ཀྱི་མྱུར་བགྲོད་བགྲོད་ལམ་ཆེན་པོ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་འཕེལ་རྒྱས་འཆར་འགོད་ནང་བཅུག་ཡོད།

ཟི་ལིང་ནས་ཁྲེན་ཏུའུ་བར་གྱི་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དབར་སྦྲེལ་མཐུད་བྱེད་པའི་མྱུར་བགྲོད་ལྕགས་ལམ་གྱི་མ་ལམ་ཞིག་ཡིན་པ་དང་། སྤྱི་ལོ2020ལོའི་ཟླ3ཚེས5ཉིན་གྱི་སྔ་དྲོར་ལྕགས་ལམ་དེའི་སི་ཁྲོན་ས་ཁོངས་ཀྱི་ལམ་དུམ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།

ཟི་ལིང་ནས་ཁྲིན་ཏུའུ་བར་ལྕགས་ལམ་སྐྲུན་པའི་གནས་ཚུལ་གསར་བ་སྟེ། ཚང་མས་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཟི་ལིང་ནས་ཁྲིན་ཏུའུ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་བོར་མེ་འཁོར་ས་ཚིགས17འཆར་འགོད་བྱས་ཡོད་ལ། ཀྲུང་གོ་ལྕགས་ལམ་གླིང་དང་བོས་ཇུས་འགོད་བྱས་པའི་ས་ཚིགས11གི་དཔེ་རིས་གསར་བ་ཐོན་ཡོད་པ་འདི་ལྟ་སྟེ།

ཐུན་རིན་ས་ཚིགས།

 

གཅན་ཚ་ས་ཚིགས།

 

དཔའ་ལུང་ས་ཚིགས།

 

མཛོད་དགེ་ས་ཚིགས།

 

ཨ་སྐྱིད་ས་ཚིགས།

ཧ་ཧུའུ་ས་ཚིགས།

 

སྟག་ཚང་ལྷ་མོ་ས་ཚིགས།

 

ཀླུ་ཆུ་ས་ཚིགས།
 
གཙོས་ས་ཚིགས།
 བསང་ཆུ་ས་ཚིགས།
 

 རྒན་གྱ་ས་ཚིགས།