མཚོ་སྔོན་སློབ་ཆེན་གྱི་རྒྱལ་ཁབ་སློབ་ཆེན་ཚན་རྩལ་གླིང་ལེགས་འགྲུབ་བྱུང་ནས་སྒོ་བྱང་འགེལ་བའི་མཛད་སྒོ་ཚན་རྩལ་གླིང་གི་ཐང་ཆེན་དུ་བསྡུས།

     ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་སློབ་ཆེན་གྱི་རྒྱལ་ཁབ་སློབ་ཆེན་ཚན་རྩལ་གླིང་ལེགས་འགྲུབ་བྱུང་ནས་སྒོ་བྱང་འགེལ་བའི་མཛད་སྒོ་ཚན་རྩལ་གླིང་གི་ཐང་ཆེན་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུའུ་དང་ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞུའུ་སོགས་འགོ་ཁྲིད་པ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

     མཚོ་སྔོན་སློབ་ཆེན་ཚན་རྩལ་གླིང་གིས་མཚོ་སྔོན་སློབ་ཆེན་སོགས་ཞིང་ཆེན་ནང་ཁུལ་གྱི་སློབ་གླིང་དང་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་བཅས་ཀྱི་ཕྱོགས་བསྡུས་རིག་སྟོབས་ཐོན་ཁུངས་རྒྱབ་རྟེན་བྱས་ཤིང་། ཆིན་ཧྭ་སློབ་ཆེན་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། ཀྲུང་གོ་ས་གཤིས་སློབ་ཆེན། ཧྭ་ཏུང་རང་བྱུང་རིག་པའི་སློབ་ཆེན་སོགས་ཀྱིས་མཐོ་རིམ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་ཁྱད་སྟོབས་ལ་བརྟེན་ཏེ།  སྐྱེ་དངོས་དང་ཆ་འཕྲིན། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། རིག་ནུས་གསར་བཟོ་ཁྱབ་ཁོངས་གཅིག་སྡུད་བྱས་ནས། ཚན་རྩལ་གླིང་དང་ཐོན་ལས་གླིང་གི་མཉམ་འབྲེལ་ཚོགས་པ་གསར་སྐྲུན་བྱས། ཚན་རྩལ་གླིང་གིས་ཚན་རྩལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མཐོ་གསར་ལག་རྩལ་ཁེ་ལས་འཕེལ་རྒྱས། གསར་སྐྲུན་ལས་སྤེལ་ཤེས་ལྡན་མི་སྣ་གསོ་སྐྱོང་། འཐབ་ཇུས་གསར་དར་ཐོན་ལས་བཅས་ཀྱི་གསོ་སྐྱོང་རྟེན་གཞི་རུ་འགྱུར་བར་བརྩོན་ལེན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཐོན་ལས་སྒྲིག་གཞི་རིམ་འཕར་དང་མཁོ་འདོན་ཕྱོགས་ཀྱི་བཅོས་སྒྱུར་ལ་ནུས་ལྡན་སྒོས་ཞབས་ཞུ་བསྒྲུབ་ནས་གསར་སྐྲུན་ལས་སྤེལ་ལ་སྐུལ་འདེད་གཏོང་བ། གསར་སྐྲུན་ལས་སྤེལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་རེད།

                                                                                                              ལོ་ཙཱ་བ། བཀྲ་ཤིས་འབུམ།