བདེན་དང་རྫུན་གྱི་ཆོ་འཕྲུལ།

བདེན་དང་རྫུན་གྱི་ཆོ་འཕྲུལ།

    བཤད་ཡམས། སྲུང་ཤེལ་སྦྱར་བའི་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་མིག་ལ་ལྷག་ཏུ་གནོད།

    དོན་དངོས། ཡང་དག་པའི་སྒོ་ནས་བཤད་ན། ཟད་ནས་གསལ་པོ་མིན་པའི་ལག་ཐོགས་ཁ་པར་གྱི་སྲུང་ཤེལ་གྱིས་མིག་ལ་གནོད་པ་ཐེབས་སླ། 

    གཙོ་གནད་དབྱེ་ཞིབ། སྤྱིར་བཏང་དུ་ལག་ཐོགས་ཁ་པར་སྲུང་ཤེལ་གྱི་སྲ་ཚད་དེ་ཁ་པར་གྱི་བརྙན་ཤེལ་ལས་ཆུང་བས། ལྡེ་མིག་དང་སེན་མོ་སོགས་ཀྱིས་ཁ་པར་གྱི་སྲུང་ཤེལ་ལ་བརྡར་ནས་རི་མོ་བཏོད་རུང་། ཁ་པར་གྱི་བརྙན་ཤེལ་ལ་གནོད་པ་མི་འབྱུང་། 

    དུས་ཡུན་ཅུང་ཙམ་བཀོལ་རྗེས། ཁ་པར་སྲུང་ཤེལ་གྱི་ངོས་དེ་བརྡར་ནས་རི་མོ་མང་པོ་བཏོད་སླ། 

    སྐབས་འདིར་ཁ་པར་གྱི་སྲུང་ཤེལ་བརྒྱུད་དེ་བརྙན་རིས་ལ་བལྟས་ན་གསལ་པོ་མིན་སྟབས། མིག་ལ་ངལ་དུབ་འབྱུང་སླ། 

     འོན་ཀྱང་། མིག་ལ་ངལ་དུབ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཁ་པར་བཀོལ་བའི་ཐེངས་གྲངས་དང་དུས་ཚོད་རིང་ཐུང་ལ་རག་ལས་པ་སྨྲ་ཅི་དགོས། 

     དེར་བརྟེན། ཁ་པར་རྩེད་རྒྱུ་ཉུང་ཉུང་བྱ་རོགས། ལྷག་པར་དུ་ལམ་ལ་འགྲོ་སྐབས་ཁ་པར་རྩེད་ན་མིག་ལ་གནོད་པར་མ་ཟད། ད་དུང་ཆག་སྒོ་ཡང་འབྱུང་སྲིད།                                                   

 རྩོམ་སྒྲིག་པ། སྣང་རྡོར།

                                                                                                                                                              

ནང་དོན་འདི་ནི་ དགའ་དགའ་ཚན་རྩལ། གྱི་རྩོམ་པ་པོ:GaGa_JaYang ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་ དགའ་དགའ་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་ དགའ་དགའ་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།
བཟང་།8