WordPress ག་འདྲ་བྱས་ནས་སྙིགས་མཆན་བཀག་འགོག་དང་འཚག་དགོས་སམ།

WordPress ག་འདྲ་བྱས་ནས་སྙིགས་མཆན་བཀག་འགོག་དང་འཚག་དགོས་སམ།

       WordPress གད་སྙིགས་དཔྱད་མཆན་ནི་ད་ལྟའི་བར་དུ་ཤིན་ཏུ་སུན་སྣང་ཅན་ཞིག་རེད། གལ་ཏེ་ཁྱོད་ཀྱིས་ནུས་ལྡན་གྱི་བཀག་འགོག་བྱས་མེད་ཚེ། ཉིན་གཅིག་གི་དུས་ཚོད་ཁོ་ནར་ཁྱོད་ཀྱི WordPress དྲ་ཚིགས་སུ་གད་སྙིགས་ཀྱི་དཔྱད་མཆན་ཁྲི་ཕྲག་མང་པོ་ཡོད་པ་ཤེས་ཐུབ། འོ་ན་གད་སྙིགས་དཔྱད་མཆན་དེ་དག་ཇི་ལྟར་བཀག་འགོག་དང་འཚག་དགོས་སམ།

WordPress སྙིགས་མཆན་བཀག་འགོག་བྱེད་པའི་མཐུད་སྣེ:Akismet Anti-SpamAkismet Anti-Spam ནི་སྟོབས་ཧ་ཅང་ཆེན་པོ་དང་། ཕན་འབྲས་ཧ་ཅང་བཟང་མོད། འོན་ཀྱང་གཞི་གྲངས་མཛོད་དུ་ཆ་འཕྲིན་མང་པོ་ཞིག་འབྲི་སྲིད་པ་མ་ཟད་CPU ཐོན་ཁུངས་ཟད་གྲོན་ཧ་ཅང་ཆེ་བས། དེ་འདྲ་འོས་སྦྱོར་བྱེད་ཀྱི་མིན།

      དེ་ཡང WordPress གད་སྙིགས་དཔྱད་མཆན་ནི་ཕལ་ཆེ་བ་དབྱིན་ཡིག་དང་འཇར་པན་གྱི་ཡི་གེ་སོགས་ཕྱི་ཡིག་ཁོ་ན་ཡིན་སྟབས། བོད་ཡིག་གི་དྲ་ཚིགས་ལ་མཚོན་ན་དེ་ལས་བཟང་བའི་ངོས་འཛིན་བྱེད་སྟངས་ཤིག་ཡོད་པ་ནི་བོད་ཡིག་མི་འདུས་པའི་དཔྱད་མཆན་མཐའ་དག་སྙིགས་མཆན་དུ་བརྩི་ཆོག་པ་རེད། དེ་ནི་ཧ་ཅང་སླ་སྟེ། ཁྱེད་རང་གི་དཔེ་སྒྲོམ་གྱི་ཡིག་ཆ functions.php ཁྲོད་དུ་གཤམ་གྱི་ཚབ་ཨང་དེ་བླུགས་པས་འཐུས།

/* refused spam */
function refused_spam_comments( $comment_data ) {
$pattern = '/[ༀ-࿏]/u';
if(!preg_match($pattern,$comment_data['comment_content'])) {
wp_die('དཔྱད་མཆན་ཁྲོད་དུ་ངེས་པར་ཏུ་བོད་ཡིག་འདུས་དགོས།');
}
return( $comment_data );
}
add_filter('preprocess_comment','refused_spam_comments');

རྩོམ་ཡིག་འདིས་ཁྱོད་ལ་རོགས་རམ་བྱེད་ཐུབ་པར་སྨོན། གལ་ཏེ་ཁྱོད་ཀྱིས་ད་དུང་ཐབས་ཤེས་གཞན་པ་ཤེས་ན། ང་ཚོ་དང་མཉམ་དུ་ལོངས་སྤྱོད་བྱེད་པར་དགའ་བསུ་ཞུ།

ནང་དོན་འདི་ནི་ དགའ་དགའ་ཚན་རྩལ། གྱི་རྩོམ་པ་པོ:xueyugege ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་ དགའ་དགའ་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་ དགའ་དགའ་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།
བཟང་།7
࿐སིམ་གདུང་བར་མ།