ཉིས་སྟོང་ཉི་ཤུ་ལོའི་ཟི་ལིང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་འབྲེལ་མཐུད་ཚོགས་འདུ་སྐབས་དང་པོ་ཚོགས་འགོ་བརྩམས།

ཉིས་སྟོང་ཉི་ཤུ་ལོའི་ཟི་ལིང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་འབྲེལ་མཐུད་ཚོགས་འདུ་སྐབས་དང་པོ་ཚོགས་འགོ་བརྩམས།

2020.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཉིས་སྟོང་ཉི་ཤུ་ལོའི་ཟི་ལིང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་འབྲེལ་མཐུད་ཚོགས་འདུ་སྐབས་དང་པོ་ཟི་ལིང་ཚན་རྩལ་ཚོང་ར་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་དང་ཧྲིན་ཀྲང་གཞོན་པ་ཀྲང་ལིས་གཉིས་ཀ་གྲོས་ཚོགས་ལ་ཞུགས་པར་མ་ཟད་མཉམ་དུ་ཚོགས་འདུ་འགོ་རྩོམ་པའི་མནོན་སྒོ་མནན།

ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ། ཚན་རྩལ་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཤིང་། མགྱོགས་མྱུར་སྒོས་གསར་སྐྲུན་མ་ལག་འཛུགས་སྐྲུན་བྱས་པ་དང་། གསར་སྐྲུན་སྲིད་ཇུས་མཉམ་འཛུགས་སྔར་ལས་ཆགས་པར་བྱས་ལ། གཙོ་གཞིའི་གསོ་སྐྱོང་ནུས་པ་ཇེ་ཆེར་སོང་ཞིང་ཤེས་ལྡན་མི་སྣའི་དཔུང་སྡེ་སྟོབས་ལྡན་དུ་གྱུར་བར་མ་ཟད། གསར་སྐྲུན་སྐྱེ་ཁམས་སྔར་ལས་ལེགས་སྒྱུར་དང་གསར་སྐྲུན་རྒྱུ་རྐྱེན་ནུས་ལྡན་སྒོས་གཅིག་སྡུད་བྱས་པ་དང་། གསར་སྐྲུན་གསོན་ཤུགས་ཉིན་རེར་འཕེལ་རྒྱས་སུ་སོང་བ། གསར་སྐྲུན་གཙོ་གཞི་སྔར་ལས་སྟོབས་ལྡན་དུ་གྱུར་བའི་རྣམ་པ་མངོན་པར་བྱས།

གླེང་སྟེགས་དང་མཐོ་སྒང་སྐྱེ་དངོས་སྨན་རྫས་དང་ཁྱད་ཐོན་ཞིང་ལས་ལག་རྩལ་འཕེལ་རྒྱས་གླེང་སྟེགས། དེ་མིན་གྲུབ་འབྲས་འབྲེལ་མཐུད་ཚོགས་འདུས་ཉིས་སྟོང་ཉི་ཤུ་ལོའི་ཟི་ལིང་གི་སྐབས་དང་པོའི་མཐོ་གསར་ས་ཁུལ་དུ་འཛོམས་པ་ཞེས་པའི་གསར་སྐྲུན་ལས་སྤེལ་འགྲན་སྡུར་ཀྱི་ཚོགས་པའི་འགྲན་སྡུར་ཚན་ཁག་གི་རྟིང་རྩོད་འགྲན་སྡུར་བསྡུས།

                                                                                                    ལོ་ཙཱ་བ། བཀྲ་ཤིས་འབུམ།