མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་བདུན་པ་མཇུག་འགྲིལ་བ།

  • མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་བདུན་པ་མཇུག་འགྲིལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-07-29

     དུས་ཡུན་ཉིན་བཞིའི་ནང་ཤུགས་ནུས་ཞིབ་དཔྱད་ཚད་ལེན་འགྲན་བསྡུར་དང་། མཚོ་སྔོན་པོ་སྐོར་བའི་ཞིབ་དཔྱད་ཚད་ལེན་འགྲན་བསྡུར། མྱུར་ཚད་འགྲན་བསྡུར་བཅས་བྱས་མཐར་ཟླ་7ཚེས་26ཉིན་མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་བདུན་པ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད།

    སྐབས་འདིའི་འགྲན་སློང་འགྲན་བསྡུར་ཐོག རྒྱལ་ནང་གི་གཙོ་ཆེའི་གློག་སྒུལ་རླངས་འཁོར་རིགས་13གྱི་ཆུ་སྒྲོལ་ནུས་པ་དང་། གློག་མྱུར་གསོག་གི་ནུས་པ། གློག་གྲོན་ཆུང་གི་ནུས་པ། ལ་བརྒལ་གྱི་ནུས་པ། བསྟུད་མར་སྐྱོད་ནུས་སོགས་རྣམ་གྲངས་14ལ་ཕྱོགས་བསྡུས་ཞིབ་དཔྱད་ཚད་ལེན་བྱས་པ་དང་། དེ་དག་ཁྲོད། མཚོ་སྔོན་པོ་སྐོར་བའི་ཞིབ་དཔྱད་ཚད་ལེན་འགྲན་བསྡུར་ཐོག འགྲན་ཞུགས་ཁ་ལོ་བས་གློག་སྒུལ་རླངས་འཁོར་རིགས་13བཏང་ནས་སྤྱིའི་རིང་ཚད་སྤྱི་ལེ་1015དང་ས་བབ་མཐོ་ཚད་སྨི་3820ཟིན་པའི་ས་མཐོའི་འགྲན་བསྡུར་ལམ་དུམ་དུ་བསྐྱོད་པ་རེད།

    མཚོ་སྔོན་མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་འགྲན་དོན་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲན་ཞའོ་ཏུང་གིས། ཐེངས་འདིའི་འགྲན་བསྡུར་ཐོག་ཉིས་འགྲན་ལམ་ལུགས་སྤྱད་པ་སྟེ། Aཚོཌ་ཆུང་གི་གྱེན་འཛེཌ་འགྲན་ནུས་འགྲན་པ་དང་ཆབས་ཅིག Bཚོཌ་ཆུང་གི་འགྲན་འཁོར་གྱིས་ཀྱང་བསྟུད་མར་སྐྱོད་ནུས་འགྲན་བསྡུར་བྱས་པས། འགྲན་རིམ་སྔར་བས་དམ་པོ་དང་འགྲན་བསྡུར་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་པོ་ཡོད་ཅེས་བཤད།

    འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གློག་སྒུལ་རླངས་འཁོར་འགྲན་དོན་ཞིག་ཡིན་པའི་ཆ་ནས། ལོ་བདུན་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་གྱིས་ཆེད་ལས་ཆུ་ཚད་ཅུང་མཐོན་པོ་ལྡན་པའི་གློག་སྒུལ་རླངས་འཁོར་གྱི་ཞིབ་དཔྱད་ཚད་ལེན་མ་ལག་ཅིག་བཙུགས་ཡོད་པ་མ་ཟད། ད་དུང་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་འགྲེམས་སྟོན་ལས་སྟེགས་སུ་ཡང་གྱུར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།