ཀན་ལྷོའི་མི་3ཏོག་གསར་ནད་པ་ཞིག་དང་འབྲེལ་བ་བྱུང་བས་གཟབ་པར་འཚལ།

ཀན་ལྷོ་ཁུལ་དུ་ནད་རྟགས་མེད་པའི་ཏོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ལ་འབྲེལ་བ་བྱེད་མཁན་མི་གསུམ་བྱུང་བའི་སྐོར་གྱི་གསལ་བརྡ།

      གཞུང་ཕྱོགས་ནས་སྤེལ་བའི་གནས་ཚུལ་ལྟར་ན།  དེ་སྔོན་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་རྒྱལ་ཁོངས་ཕྱི་ནས་ཚུར་ཡོང་ཞིང་ནད་རྟགས་གང་ཡང་མེད་པ་ཞིག་བྱུང་འདུག་པ་དང་།  ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་མི3ནད་རྟགས་མེད་པའི་ནད་པ་འདི་ཉིད་དང་གནམ་གྲུ་གཅིག་ཏུ་བསྡད་དེ་ལན་ཀྲུའུ་རུ་སླེབས་པ་ཡིན་འདུག  འདིར་ཀན་ལྷོ་ཁུལ་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྲུང་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་ནས་དེ་དོན་གསལ་བརྡ་བསྒྲགས་པ་བོད་ཡིག་ཏུ་ཤར་མར་བཀོད་དེ།  རང་གཞན་ཚང་མའི་བདེ་ཐང་གི་ཆེད་དུ་ཡུལ་མི་རྣམས་ཀྱིས་རིམས་ནད་འགོག་སྲུང་ལ་འབད་པ་ལྷུར་ལེན་སྔར་མུས་སུ་གནང་རོགས་ཞེས་ཤ་ཚའི་དྲན་སྐུལ་ཡང་ཡང་ཞུས་པའོ།  །

རྒྱ་ཆེའི་སྡོད་དམངས་རྣམ་པ།

      2020ལོའི་ཟླ་11པའི་ཚེས་27ཉིན།  ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་(武威市)དུ་ཏོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ནད་རྟགས་མེད་པའི་ཞིག་བྱུང་།  ཀན་སུའུ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་འབྱོར་བའི་གནས་ཚུལ་ལྟར་ན།  ཀན་ལྷོ་ཁུལ་དུ་ནད་པར་དེར་འབྲེལ་བ་ཟབ་མོ་བྱས་པའི་མི་སྣ་3འདུག་པ་གོང་གི་ནད་རྟགས་མེད་པའི་ནད་པ་དེ་དང་མཉམ་དུ་གནམ་གྲུ་ཨང་རྟགས་CZ3251ལ་བསྡད་ནས་ལན་ཀྲུའུ་ཀྲུང་ཁྲོན་གནམ་ཐང་དུ་སླེབས་པ་རེད།  ཐོག་མར་དབྱེ་ཞིབ་བྱས་པའི་སྙན་ཞུ་ལྟར།  ད་ལྟ་ལུའུ་ཆེ་གེ་མོ་དང་ཁྲིན་ཆེ་གེ་མོ།  ལིའོ་ཆེ་གེ་མོ་གསུམ་གྱི་འགུལ་བསྐྱོད་ལམ་ཐིག་གཤམ་གསལ་ལྟར།

དང་པོ།  ལུའུ་ཆེ་གེ་མོའི་འགྲོ་འོང་ལམ་ཐིག

ཟླ་11པའི་ཚེས་24ཉིན།  ལུའུ་ཆེ་གེ་མོ་གནམ་གྲུ་ཨང་རྟགས་CZ3251ལ་བསྡད་པ།

ཟླ་11པའི་ཚེས་25ཉིན་གྱི་ཆུ་ཚོད་00:10སྟེང་དུ་ལུའུ་ཆེ་གེ་མོ་ལན་ཀྲུའུ་གྲོང་ཁྱེར་གྱི་ཀྲུང་ཁྲོན་གནམ་ཐང་དུ་འབྱོར་བ་དང་གནམ་གྲུ་ལས་བབས་རྗེས་གླ་གཏོང་རླངས་འཁོར་ལ་བསྡད་ནས་ལན་ཀྲུའུ་གྲོང་ཁྱེར་ཁྲིན་ཀོན་ཆུས་ལ་འབྱོར་ཞིང་།

ཟླ་11པའི་ཚེས་25ཉིན་གྱི་ཆུ་ཚོད་1:40ཡས་མས་སུ་ལུའུ་ཆེ་གེ་མོ་ཀན་སུའུ་དབྱི་ཞིང་མགྲོན་ཁང་(逸兴酒店)དུ་བསྡད།

ཟླ་11པའི་ཚེས་25ཉིན་གྱི་ཆུ་ཚོད་9:30ཡས་མས་སུ་ལུའུ་ཆེ་གེ་མོས་སྒེར་འཁོར་བཏང་ནས་ཀྲུང་ཁྲོན་གནམ་ཐང་དུ་སོང་སྟེ་ཁྲིན་ཆེ་གེ་མོ་1(ཕོ)དང་ཞུས་ཆེ་གེ་མོ་(མོ)བསུས།

ཟླ་11པའི་ཚེས་25ཉིན་གྱི་ཆུ་ཚོད་14:00སྟེང་དུ་ཕྱིར་ལན་ཀྲུའུ་ལ་ལོག  ཁོས་བསུས་པའི་མི་དེ་གཉིས་ཕྱིར་ལན་ཀྲུའུ་རུ་སླེབས་རྗེས་ཀྲང་ཡེ་ལམ་གྱི་དུས་བཞིའི་མགྲོན་ཁང་(张掖路全季酒店)དུ་བསྡད་ཅིང་མགྲོན་ཁང་གི་ཉེ་འཁོར་ནས་ཟ་མ་ཟོས།(ཟ་ཁང་གི་མིང་ཤེས་མ་གྱུར)ཟ་མ་ཟོས་རྗེས་ཁྲིན་ཆེ་གེ་མོ1་དང་ཞུས་ཆེ་གེ་མོ་གཉིས་ཕྱིར་དུས་བཞིའི་མགྲོན་ཁང་ལ་སླེབས།   ལུའུ་ཆེ་གེ་མོ་ཀན་སུའུ་ཆིན་ཨན་ལམ་གྱི་ཁེ་ཏ་མགྲོན་ཁང་(秦安路凯达酒店)དུ་ལོག

ཟླ་11པའི་ཚེས་25ཉིན་གྱི་དགོང་མོར་ལུའུ་ཆེ་གེ་མོ་དང་།  ཐང་ཆེ་གེ་མོ་(ལུའུ་ཆེ་གེ་མོའི་གྲོགས་པོ)དང་།  ཁྲིན་ཆེ་གེ་མོ་1དང་།   ཞུས་ཆེ་གེ་མོ་བཅས་བཞིས་ཅང་ཉིང་ལམ་གྱི་ཡོའུ་ནུའུ་སི་ཟ་ཁང་(静宁路有奴思饭店)དུ་ཟ་མ་ཟོས།  ཟ་མ་ཟོས་རྗེས་མི་བཞི་བོ་རང་རང་གི་སྡོད་གནས་སུ་སོང་།

ཟླ་11པའི་ཚེས་26ཉིན་གྱི་ཆུ་ཚོད་9:30སྟེང་དུ།  ལུའུ་ཆེ་གེ་མོས་སྒེར་འཁོར་བཏང་ནས་ཁྲིན་ཆེ་གེ་མོ་1དང་ཞུས་ཆེ་གེ་མོ་དང་མཉམ་དུ་གཙོས་གྲོང་ཁྱེར་ཐཱན་ལུང་རླངས་འཁོར་ལྷུ་ལག་ཚད་ཡོད་ཀུང་སིར་(合作市天隆汽车配件有限公司)ལོག

ཟླ་11པའི་ཚེས་26ཉིན་གྱི་ཆུ་ཚོད་14:30ནས་17:00ཡས་མས་སུ་ལུའུ་ཆེ་གེ་མོ་དང་།  ཁྲིན་ཆེ་གེ་མོ་1དང་།  ཞུས་ཆེ་གེ་མོ་དང་།  ཡུས་ཆེ་གེ་མོ(ཐཱན་ལུང་རླངས་འཁོར་ལྷུ་ལག་ཚད་ཡོད་ཀུང་སིའི་མི་སྣ)བཅས་གཙོས་གྲོང་ཁྱེར་ཧོ་ཞིས་ཧྲང་ཡོན་ལྷ་རྒྱལ་ལོ་བོད་ཟས་ཁང་(合作市河西上园拉嘉洛藏餐吧)གི་རླངས་འཇོག་ས་དང་ཆེས་ཐག་ཉེ་སའི་ཁང་མིག་ཏུ་བསྡད་དེ་ཟ་མ་ཟོས།  ཟ་མ་ཟོས་རྗེས་ལུའུ་ཆེ་གེ་མོ་དང་ཁྲིན་ཆེ་གེ་མོ་1དང་ཞུས་ཆེ་གེ་མོ་བཅས་ཀྱིས་སྒེར་འཁོར་བཏང་ནས་གཙོས་གྲོང་ཁྱེར་སྲས་མཁར་དགུ་ཐོག་ལ་ཡུལ་སྐོར་དུ་སོང་། ཁོ་ཚོས་ལམ་ཧྲིལ་པོར་ཁ་རས་བརྒྱབ་ཡོད་ཅེས་བཤད།

ཟླ་11པའི་ཚེས་26ཉིན་གྱི་ཆུ་ཚོད་17:30ཡས་མས་སུ་ལུའུ་ཆེ་མོ་དང་ཡུས་ཆེ་གེ་མོ་གཉིས་ཁུལ་མི་དམངས་དངུལ་ཁང་གི་ཁྱིམ་མིའི་སྡོད་ཁུལ་དུ་ཡོད་པའི་སྡོད་གནས་སུ་ལོག་ནས་ངལ་གསོ་བྱས།

ཟླ་11པའི་ཚེས་27ཉིན་གྱི་ཆུ་ཚོད་10:30སྟེང་ལུའུ་ཆེ་གེ་མོས་སྒེར་འཁོར་བཏང་ནས་ཁྲིན་ཆེ་གེ་མོ༡དང་ཞུས་ཆེ་གེ་མོ་བཅས་མི་གསུམ་གྱིས་གཙོས་གྲོང་ཁྱེར་ཤར་ལམ་གཉིས་པའི་ཟམ་ཁའི་ཅིང་མུའུ་ལན་སྐམ་ཐུག་ཟ་ཁང་དུ་ཞོགས་ཟས་ཟོས།(合作市东二路桥头京穆兰牛肉面店) དེ་ནས་མི་གསུམ་པོས་སྒེར་འཁོར་བཏང་ནས་བླ་བྲང་དགོན་དུ་སོང་།

ཟླ་11པའི་ཚེས་27ཉིན་གྱི་ཆུ་ཚོད་13:30ཡས་མས་སུ།  སྒེར་འཁོར་བཏང་ནས་ལན་ཀྲུའུ་ལ་སོང་ཞིང་།  ད་ལྟ་ལན་ཀྲུའུ་གྲོང་ཁྱེར་ཆི་ལེ་ཧོ་ཆུས་(七里河区)རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དང་ལེན་དོ་དམ་བྱས་ཡོད།

གཉིས་པ།  ཁྲིན་ཆེ་གེ་མོ་དང་ལིའོ་ཆེ་གེ་མོའི་འགུལ་བསྐྱོད་ལམ་ཐིག

ཟླ་11པའི་ཚེས་24ཉིན།  ཁྲིན་ཆེ་གེ་མོ་དང་ལིའོ་ཆེ་གེ་མོ་གཉིས་གནམ་གྲུ་ཨང་རྟགས་CZ351ལ་བསྡད།

ཟླ་11པའི་ཚེས་25ཉིན་གྱི་ཆུ་ཚོད་00:10སྟེང་ལན་ཀྲུའུ་གྲོང་ཁྱེར་ཀྲུང་ཁྲོན་གནམ་ཐང་དུ་འབྱོར་ནས་ལན་ཀྲུའུ་གྲོང་ཁྱེར་ཁྲིན་ཀོན་ཆུས་ཐེན་ཧྲུའེ་ལྷོ་ལམ་ཨང་རྟགས་31པ་རིན་ཧོ་སྟབས་བདེ་མགྲོན་ཁང་(兰州市城关区天水南路31号仁和快捷旅馆)དུ་བསྡད།  ཞོགས་པར་གནམ་གྲུ་འབབ་ཐང་གི་འགྲུལ་འཁོར་ལ་བསྡད་ནས་ལན་ཀྲུའུ་མེ་འཁོར་ས་ཚིགས་སུ་སླེབས།

ཟླ་11པའི་ཚེས་25ཉིན་གྱི་ཆུ་ཚོད་10:00སྟེང་དུ་མེ་འཁོར་ཨང་རྟགས་D8886(འཁོར་སྒམ་D1གི་སྡོད་སྟེགས་14པ་དང་འཁོར་སྒམ་D1གི་སྡོད་སྟེགས་15པ)ལ་བསྡད་ནས་མིན་རྫོང་(岷县)དུ་ཆས།

ཟླ་11པའི་ཚེས་25ཉིན་གྱི་ཆུ་ཚོད12:30ཡས་མས་སུ་མིན་རྫོང་མེ་འཁོར་ས་ཚིགས་སུ་འབྱོར་བ་དང་གླ་གཏོང་རླངས་འཁོར་ལ་བསྡད་ནས་ཆུ་ཚོད་14:00ཡས་མས་སྟེང་ཅོ་ནེ་རྫོང་མཁར་དུ་འབྱོར།(ལམ་བར་དུ་བུད་མེད་ཅིག་དང་རླངས་འཁོར་གཅིག་ཏུ་བསྡད།)  ཧྲིན་ཡོན་མགྲོན་ཁང་ཆེན་མོ་ཁ་གཏད་ཀྱི་ངལ་ལས་མཁོ་ཆས་ཚོང་ཁང་(圣原大酒店)དུ་རླངས་འཁོར་ལ་སྒུག

ཟླ་11པའི་ཚེས་25ཉིན་གྱི་ཆུ་ཚོད་16:00ཡས་མས་སུ་ལས་ཡུལ་གྱི་ཕིས་ཁ་རླངས་འཁོར་ལ་བསྡད་ཅིང་ཆུ་ཚོད་17:00སྟེང་ལས་ཁྱིམ་དུ་འབྱོར། (ཁྲིན་ཆེ་གེ་མོ་དང་ལིའོ་ཆེ་གེ་མོ་གཉིས་དང་ལས་ཡུལ་གྱི་འབྲེལ་ཡོད་མི་སྣ་དང་ཁ་ལོ་བ་སོགས་ཕྱོགས་གཅིག་ཏུ་བསྡུས་ནས་ཟུར་བཅད་བྱས་ཡོད།)

    ཁྱེད་དང་ཁྱིམ་མིའི་བདེ་ཐང་དང་སྤྱི་ཚོགས་བདེ་འཇགས་ཡོང་ཆེད། འགོས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འཁེལ་ལྟར།  ཉིན་འདི་དག་ལ་གོང་གི་མི་སྣ་ཚོ་དང་འབྲེལ་བ་བྱས་ཡོད་པ་རྣམས་ཀྱིས་གཤམ་གསལ་གནད་དོན་ཁག་ལ་གཟབ་གཟབ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

      1 གོང་གསལ་འགྲོ་འོང་ལམ་ཐིག་དང་འབྲེལ་བ་ཡོད་མཁན་དག་གིས་དུས་ཐོག་ཏུ་རང་ཉིད་སྡོད་སའི་སྡེ་ཁུལ་དུ་འབྲེལ་གཏུག་བྱས་ནས་གནས་ཚུལ་ཐོ་འགོད་བྱེད་དགོས་ཤིང་། རང་འགུལ་སྒོས་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ཏེ། སྡེ་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱེད་དགོས།

      2 འབྲེལ་བ་བྱས་པའི་ཉིན་ནས་བཟུང་སྟེ།  རང་ཁྱིམ་དུ་ཉིན་14ལ་ཟུར་བཅད་ལྟ་རྟོག་བྱེད་དགོས་ཤིང་།  ཁ་རས་ལེགས་པོར་རྒྱག་པ་དང་།  ཁྱིམ་མི་དང་འབྲེལ་བ་གང་ཐུབ་ཀྱིས་ཇེ་ཉུང་དུ་གཏོང་དགོས་ལ།  ཕན་ཚུན་ལ་འགོས་ནད་མི་བགོ་བའི་ཆེད་དུ། ཁྱིམ་མིས་ཀྱང་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ།  མི་གཅིག་ཁང་པ་གཅིག་ཏུ་འདུག་པ་དང་། ཟ་མ་བགོས་ཏེ་ཟ་དགོས།

      3 གལ་ཏེ་ཚ་བ་རྒྱས་པ་དང་སྐམ་ལུ་རྒྱག་པ།  ལུས་ཤུགས་ཟད་པ་སོགས་ནད་རྟགས་གང་རུང་ཐོན་ཚེ། དུས་ཐོག་ཏུ་ཉེ་འགྲམ་གྱི་ཚ་རྒྱས་སྒོ་བསྟེན་ནམ་ཡང་ན་ངེས་གཏན་སྨན་བཅོས་སྡེ་ཁག་ཏུ་སོང་ནས་སྨན་པར་བསྟེན་དགོས་པ་མ་ཟད།  རང་གི་འགྲོ་འདུག་གི་གནས་ཚུལ་ཇི་མ་ཇི་བཞིན་བཤད་དགོས་ལ། གོ་རིམ་ཧྲིལ་པོར་ཁ་རས་རྒྱག་དགོས་པ་དང་།  སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་ཅི་ཐུབ་ཀྱིས་མི་འདུག་རོགས།

      4 རྒྱ་ཆེའི་སྡོད་དམངས་རྣམས་ཀྱིས་དུས་དང་རྣམ་པ་ཀུན་དུ་མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་དང་།  བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱས་ཏེ།  ཡང་དག་པའི་སྒོ་ནས་ཁ་རས་རྒྱག་དགོས་པ་དང་།  ལག་པ་གཙང་མར་བཀྲུ་བ།  ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་པ།  རུབ་ཚོགས་མི་བྱེད་པ།  གཅིག་ཏུ་མི་འཚང་བ།  འདུ་འཛི་ཉུང་བ་བཅས་འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་ལོབས་སུ་འཇུག་དགོས།

ཀན་ལྷོ་ཁུལ་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྲུང་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་།

2020ལོའི་ཟླ་11པའི་ཚེས་27ཉིན།